རྕོམ་བསྐུར་ཡུལ།

_______བསིལ་ཆབ།_______ gtsude@yahoo.com
________འོད་ཟེར།_______ woeserg@yahoo.com
_____________________ དེབ་སྐྱེལ་བྱེད་སྟངས་དཀར་ཆག་"དེབ་སྐྱེལ་"ཞེས་པ་མནན་ནས་གཟིགས་རོགས་གནང།

འབྲེལ་ཡོད་ཤེས་བྱ།

དྲ་ཚིགས་གནས་ཚུལ་།

ད་ལྟ་དྲ་ཐོག་འདི་ན་མི་
ཡོད།

Click to get cool Animations for your MySpace profile
ཚེ་སྲོག་གི་འདུར་རྒྱུགས།

ང་ཡི་ནུ་མོ།

     མི་སྣ་འབྲི་ཚུལ།         བོད་ཁྱིམ་གོ་པལ་པུར་བོད་ཁྱིམ་ནས། 

ངའི་ནུ་མོ་གཟུགས་མི་ཆེ། གདོང་སྒོར་སྒོར་ཡིན་ལ་མིག་གཉིས་ཧ་ཅང་ཆེ། སྨིན་མ་འཇའ་ལྟར་གུག་པ་དང་སྐྲ་ཁམ་ནག་ཡིན། མགོ་ན་རི་བོང་གི་རྣ་གཤོག་ལྟ་བུའི་ཐོར་ཅོག་གཉིས་ཡོད་པ་དང༌། དེ་ལ་ལིང་དམར་པོའི་མེ་ཏོག་ཅིག་མདུད་ཡོད། ལམ་དུ་འགྲོ་དུས་སུ་ཡར་རྒྱུག་མར་རྒྱུག་དང་གནམ་ལྡིང་ས་ལྡིང་བྱས་ནས་འགྲོ། མོ་མཛེས་ཤིང་སྡུག་པའི་ཕྱེ་མ་ལེབ་ཅིག་དང་འདྲ།untitled

    

   ནུ་མོ་རིག་པ་བཟང་ཞིང་རྩེ་དགའ་ཆེ་བས་དུུས་ཚོད་སྐར་མ་གང་ལ་ཡང་འདུག་མི་བཟོད། བྱིས་བཅོལ་ཁང་དུ་ཞུགས་རྗེས་ནུ་མོ་སློབ་སྦྱོང་བྱེད་པར་དགའ་བར་གྱུར། ཁྱིམ་དུ་ངས་ལས་བྱ་འབྲི་བའི་དུས་སུ་མོས་ཀྱང་རང་གི་འབྲི་དེབ་བླངས་ནས་ནན་ཏན་གྱིས་ཡི་གེ་འབྲི་བ་རེད། བྲིས་ཚར་ན་ཨ་མར་གཅེས་སྟེག་ཞོར་དུ་སྐར་མ་རྒྱག་ཏུ་འཇུག་པ་ཡིན། སྐར་མ་༡༠༠ཡིན་ན་མོ་དགའ་ནས་སྐར་མ་༡༠༠རེད།  སྐར་མ་༡༠༠རེད་ཅེས་ཟེར་བ་དང༌། ང་ལ་བལྟས་ནས་ཁ་བསྙེར་བྱེད་པ་ཡིན། གལ་ཏེ་སྐར་མ་༩༠ ཡིན་ན་མཽའི་མཆུ་ཏོ་སྤགས་ནས་ཁ་མྀ་གྲག་པ་དང༌། ས་ལ་བསྡད་ནས་མིག་ཆུ་འབྱིན་བཞིན་འདུག། ཐེངས་ཤིག་ཁོ་མོས་ངོ་ཚ་བའི་ཉམས་ཀྱིས་ང་ལ་ཨ་ཅེ། ཁྱོད་ཀྱིས་ང་ལ་ཡི་གེ་ཁྲིད་དང་ཟེར། ངས་མོ་ལ་ཡི་གེ་རེ་རེ་བཞིན་གཅིག་རེ་བྱས་ནས་ཤེས་རེག་བར་དུ་ཁྲིད་ཅིང་ཤེས་སོང་ན་ད་གཟོད་མོ་རང་དགའ་ནས་རྩེ་རུ་འགྲོ་བ་རེད།

  ནུ་མོ་སློབ་སྦྱོང་ནན་ཏན་ཡིན་པ་མ་ཟད། ད་དུང་ཁྱིམ་གྱི་ལས་ཀ་ཡང་ལས་ཤེས་ལ་ལས་རྒྱུར་ཡང་ཧ་ཅང་དགའ། ནམ་ཡིན་ཡང་ཨ་མར་རོགས་རམ་བྱས་ཏེ་ཐང་ཕྱགས་པ་དང་ཅོག་ཙེ་འབྱིད་པ། དཀར་ཡོལ་འཁྲུད་པ་སོགས་བྱེད་པ་ཡིན།

ནུ་མོས་ད་དུང་གཏམ་རྒྱུད་བཤད་ཤེས་པ་དང༌། བྲོ་འཁྲབ་ཤེས་ལ། གླུ་དབྱངས་ཀྱང་ལེན་ཤེས། དེ་དག་གང་ལ་ཡང་ཚམ་ཚོམ་དང་ཐོགས་རྡུག་གཏན་ནས་མེད། ན་ནིང་གི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་མོས་གླུ་དབྱངས་བླངས་ནས་བྱ་དགའ་ཡང་ཐོབ་པ་རེད།     ང་ནུ་མོར་སེམས་གཏིང་ནས་དགའ།

 

སྤྱོང་ཚན།

 

༡ ཚིག་གསར།

ནུ་མོ། ཐོར་ཅོག དར་ལིང་དམར་པོ། གནམ་ལྡིང་ས་ལྡིང༌། བྱིས་བཅོལ་ཁང༌། གཅེས་སྟེག མིག་ཆུ་འབྱིད། སྨིན་མ།

༢ གོང་གི་སྒྲུང་རྩོམ་ལས་གཤམ་གྱི་མིང་རྣམས་ལ་ཚིག་རྒྱན་གང་འདྲ་བེད་སྤྱོད་བཏང་ཡོད་དམ།

   སྐྲ།  གདོང༌། མཆུ། གཟུགས།  ཉམས།  འགྲོ་དུས།

༣ གཤམ་གྱི་མིང་རྣམས་ལ་ཚིག་གྲོགས་གཉིས་རེ་འཚོལ་དགོས།

འཇུག མཇུག མདུན། འདུན།  འགུལ། མགུལ། མཇལ། འཇལ།

༤ གཤམ་གྱི་བསྣན་ཚིག་ཁག་བེད་སྤྱད་ནས་ཚིག་སྒྲུབ་རེ་ཕྲིས།

མ་ཟད། འོན་ཀྱང༌། ད་དུང༌། དེར་བརྟེན། གལ་ཏེ། གཅིག་བྱས་ན། ཡང་གཅིག་བཤད་ན།

༥ གོང་གི་སྒྲུང་རྩོམ་ལེགས་པར་བཀླགས་ནས་གཤམ་གྱི་དྲི་བ་ཁག་ལ་ལན་གསལ་པོ་ཕྲིས།

ཀ་ བུ་མོ་ཆུང་ཆུང་དེའི་གཟུགས་རིས་བཀོད་འབྲི་ཇི་ལྟར་བྲིས་ཡོད་དམ།

༢ བུ་མོ་ཆུང་ཆུང་དེ་སློབ་སྦྱོང་ལ་ནན་ཏན་ཡིན་པའི་སྐོར་ཕྲིས།

༣ རྩོམ་ཐུང་འདིའི་རྩོམ་ཐབས་བེད་སྤྱད་ནས་ཁ་བྱང་ལ་ཁྱི་ཕྲུག་ཆུང་ཆུང་ཞེས་པའི་རྩོམ་ཐུང་ཞིག་ཕྲིས།

Comments are closed.

visitors