ཤར་དུང་རི་ལ་ཕུལ་བའི་བསྟོད་ཚིག་ཡིད་ཀྱི་རང་སྒྲ།
____དབང་ཆེན། (འཛིན་གྲྭ་བཅུ་གཅིག) ཁ་བའི་ལྗོངས་ཀྱི་སྣོད་བཅུད་འཇིག་རྟེན་དུཿ་ཁཾའི་ཡོ་ལང་ཁྲོད་ནས་རྒུད།། ཁ་བའི་རྣམ་ཤེས་ཟུངས་ཁྲག་དྲོད་མོ་འཇིག་རྟེན་ཕྱི་མའི་ཕ་མཐའ་འགྲིམས།། ཁ་བ་རི་བའི་ལས་དབང་བཀོད་སྒྲིག་ཆག་གྲུམ་ཤོར་ཏེ་འཇིག་ལ་ཉེ།། ཁ་བའི་གཞོན་ནུ་ཤར་གྱི་དུང་རིས་བདེན་པའི་སྨྲེ་ངག་དབྱངས་སུ་གྱེར།།
གཞོན་ནུའི་སྙིང་སྟོབས་ཁེར་ཚུགས་བརྟན་པོས་དགག་བཞག་དཔྱོད་ཤེས་གནས་ལུགས་བསྐྲུན།། གཞོན་ནུའི་ལྷག་བསམ་གཉོམ་ལག་རྒྱས་པས་བདེན་སྟོབས་གཤོག་ཟུང་དགུང་ལ་འཕྱར།། གཞོན་ནུའི་དཔའ་མཛངས་རྟུལ་ཕོད་ཆེན་པོས་རང་དབང་འབོད་ཚིག་གདངས་སུ་ལེན།། གཞོན་ནུའི་རང་གཟུགས་ཤར་གྱི་དུང་རིས་རྟོགས་སད་གནམ་ལྕགས་མཁའ་ལས་ཕབ།།
སྟོང་ལོ་བརྒྱད་པའི་ཁྲག་གི་ལོ་རྒྱུས་ཁ་བའི་རྡུལ་བརྩེགས་རྩེ་ནས་མཆེད།། རྣམ་ཤེས་དུ་མའི་ཟུངས་ཁྲག་དམར་པོ་སྐྱིད་ཆུ་སྔོན་མོའི་གཞུང་ནས་འབབ།། རྫོགས་ལྡན་གསར་བའི་རང་དབང་ཁ་དབུགས་མེ་མདའི་སོ་ཁའི་རྩེ་ནས་བརླགས།། ཤར་གྱི་དུང་རིས་བདེན་སྟོབས་གྲུ་ཆར་འཇིག་རྟེན་འཛིན་མའི་ཁྱོན་ལ་ཕབ།།
ཤར་དུང་རི་ལ་ཕུལ་བའི་བསྟོད་ཚིག་ཡིད་ཀྱི་རང་སྒྲ། |
||
|
Copyright © 2013 དགེ་སློབ་གླེང་སྟེགས། - All Rights Reserved |
||
རྩོམ་འདིས་མི་རིགས་ཀྱི་ནར་སོན་པའི་སྙིང་སྟོས་དང་ལྷག་བསམ་མངོན་ཏུབ་པས་ཁྱེད་ཉིད་ལ་ཡིད་སྨོན་ཞུ། །
སློབ་གྲོགས་དབང་ཆེན་ལགས ཁྱེད་ཀྱིས་ཤར་དུང་རི་ལ་ཕུལ་བའི་བསྟོད་ཚིག་ཡིད་ཀྱི་རང་སྒྲ་འདི་ལས་ཁ་བའི་གཞོན་ནུ་རྣམས་ཀྱི་རང་རྒྱལ་ལ་བཅངས་བའི་བརྩེ་སེམས་མངོན། མུ་མཐུད་རྩོམ་རིག་གང་མང་སྤེལ་བའི་རེ་བ་ཡོད།
ཐུགས་རྗེ་ཆེ།
སློབ་མ་དབང་ཆེན་ལགས། ཁྱོད་ཀྱིས་ཚིགས་བཅད་ཡིད་དབང་འཕྲོག་པ་ཞིག་བྲིས་གནང་འདུག་པས་བསྔགས་བརྗོད་ཞུ། མུ་མཐུད་རྩོམ་རིག་གང་མང་སྤེལ་བའི་རེ་བ་ཡོད།
སེ་ལ་ཀུའི་ནས།