རྕོམ་བསྐུར་ཡུལ།

_______བསིལ་ཆབ།_______ gtsude@yahoo.com
________འོད་ཟེར།_______ woeserg@yahoo.com
_____________________ དེབ་སྐྱེལ་བྱེད་སྟངས་དཀར་ཆག་"དེབ་སྐྱེལ་"ཞེས་པ་མནན་ནས་གཟིགས་རོགས་གནང།

འབྲེལ་ཡོད་ཤེས་བྱ།

དྲ་ཚིགས་གནས་ཚུལ་།

ད་ལྟ་དྲ་ཐོག་འདི་ན་མི་
ཡོད།

Click to get cool Animations for your MySpace profile
ཚེ་སྲོག་གི་འདུར་རྒྱུགས།

མིའི་རིགས་ཡར་རྒྱས་ཀྱི་འགག་རྡོ་གཙོ་བོ།

རེ་མདོ་སེངྒེ༌།
༄༅།། མིའི་འགྲོ་བའི་ཉིན་མཚན་དུས་དྲུག་གི་བྱེད་སྒོ་ཕལ་མོ་ཆེ་རང་ཉིད་དང་སྤྱི་ཚོགས་ཧྲིལ་པོ་ཡར་རྒྱས་ལ་བསྙེགས་པའི་གོམ་སྟབས་ཀྱི་ཆ་ཤས་སུ་བསམས་ནས་སྤེལ་གྱི་ཡོད་པ་བཤད་མ་དགོས། འོན་ཀྱང་བྱེད་ཐབས་ཀྱི་ཁྱད་པར་དང་གོམ་སྟབས་མགྱོགས་བུལ་གྱི་དབང་གིས་གྲུབ་འབྲས་ལ་མ་འདྲ་བའི་ཁྱད་པར་སྣ་ཚོགས་འབྱུང་བཞིན་ཡོད། གང་ལྟར་མིའི་འགྲོ་བ་ཡོད་དོ་ཅོག་ཡར་རྒྱས་ལ་དགའ་བ་རྩོད་མེད་གཅིག་མཚུངས་ཡིན་པར་མ་ཟད། ཡར་རྒྱས་ཀྱི་དགོས་དོན་ཡང་བདེ་སྐྱིད་འདོད་བློ་ཁེངས་པ་ཞིག་ཐོབ་པའི་ཆེད་དུ་ཡིན་པ་རྩོད་པ་མེད། དེར་བརྟེན་ང་ཚོས་དམིགས་དོན་དུ་བཞག་པའི་ཡར་རྒྱས་ལ་སྙེགས་ཐུབ་པའི་ཐབས་ཤེས་ཀྱི་རིམ་པ་ཆེ་ཕྲ་ཡོངས་རྫོགས་དམིགས་དོན་དེའི་འགལ་རྐྱེན་དུ་མ་སོང་བ་ཞིག་ངེས་པར་ཡིན་དགོས། ཚོར་རྟག་ཏུ་འཕྲད་པའི་ཉེན་ཁ་ཆེ་ཤོས་ཤིག་ནི་བསྒྲུབ་བྱ་དང་བྱེད་ཐབས་གོ་ལྡོག་གམ་འབྲེལ་མེད་དོན་གཞན་དུ་གྱུར་པ་ཡིན་པས།

ཁྲུང་ཁྲུང་མ་བུ་གཉིས།

དབུས་ཕྲུག་ཚེ་རིང་།
     ཡར་ཀླུང་གཙང་པོའི་ངོགས་སུ་ཡུལ་ཐར་པ་གླིང་ཞེས་པའི་འདབས་རོལ་ན་དུས་བཞིར་སྔོ་ཐིང་ངེར་གནས་པའི་མཚེའུ་ཡིད་དུ་འོང་བ་ཞིག་ཡོད། ཁ་ཤར་ངོས་སུ་ཕྱོགས་པའི་མཚེའུ་དེའི་རྒྱབ་རི་ནི་ནགས་ཚལ་མཐུག་ཅིང་རི་བོ་མཐོ་ཞིང་གཟར། མདུན་ཕྱོགས་སུ་སྤང་རྒྱན་མེ་ཏོག་སོགས་དྲི་ཞིམ་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་པའི་སྤང་ལྗོངས་རྒྱ་ཆེ་ལ། ས་སྟེང་དུ་གཡུ་འབྲུག་སྔོན་མོ་ཞིག་འཁྱུག་པ་ལྟར་ཤང་ཤང་དུ་བཞུར་བའི་རྒྱུགས་ཆུ། གཅན་གཟན་གདུག་པ་ཅན་གྱིས་གནོད་འཚེ་ཅི་ཡང་མེད་པའི་ཡིད་འོང་གི་མཚེའུ་དེར། ལོ་ལྟར་བརྩེ་བ་ཤིན་ཏུ་ཟབ་པའི་ཁྲུང་ཁྲུང་མ་བུ་གཉིས་ཞི་བདེ་ལྷིང་འཇགས་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།

བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།

དཔྱིད་རླུང་།  རྩོམ་ཁུངས། མཆོད་མེ།
བོད་ཟླ་དང་པོའི་ཚེས་གཅིག
ཉིན་འདིར་དབུས་གཙང་དང་ཁམས་ཕྱོགས་ཀྱིས་བོད་ལུགས་ལོ་གསར་ལ་རོལ། གྲོ་སོ་ཕྱེ་མར་སོགས་མཆོད་པ་བཤམས། གླུ་ལེན་གར་རྩེ་བྱེད། མདོ་སྟོད་དང་མདོ་སྨད་གཉིས་རྒྱ་རྩིས་ཀྱི་ལུགས་དང་བསྟན་ནས་ལོ་གསར་ལ་རོལ། ཉིན་འདིར་རྒྱ་ལོ་ཚེས་གཅིག་ཟེར་ཞིང༌། ཟས་དཀར་གསུམ་མངར་གསུམ། ཤ་མར་ཐུད་གསུམ་སོགས་ཀྱིས་སྡེར་ཀ་བསྒྲིགས། མི་རྣམས་མགྲོན་དུ་འབོད། གླུ་ལེན་གར་རྩེ་བྱེད། ལྷ་རྩེད་ཀླུ་རྩེད་དང་མདའ་རྩལ་འགྲན་པ། འདི་ནས་ཚེས་བཅོ་ལྔའི་བར་ལོ་གསར་བྱེད། བག་མ་གཏོང་ལེན་ཡང་ཕལ་ཆེ་བས་འདིའི་རིང་ལ་བྱེད།

༼སྐད་ཆ་གསལ་པོ་རེ་བཤད་ནས་རྩོམ་ཡིག་སྤུས་དག་རེ་སྤེལ་རྒྱུ་ནི་གནད་འགག་རེད།༽

བཅར་འདྲི་བ།༼ཁ་བ༽ དུས་དེབ།  ལན་འདེབས་པོ།  རྡོ་རྗེ་དབང་ཕྱུག
      
༡ཐོག་མར་རང་ཉིད་མཚམས་སྦྱོར་ཞིག་བྱ་རོགས།
ང་རང་ནི་བོད་གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་ནང་ནས་སློབ་སྦྱོང་བྱས་མྱོང་བ་ཞིག་དང༌། གཙོ་བོ་དེ་ས་རཱ་སློབ་གྲྭ་ནས་ལོ་གཉིས་ཀྱི་རིང་ལ་སློབ་སྦྱོང་བྱས་པ་དེ་ནི་མི་ཚེའི་ནང་གི་སློབ་གཉེར་གོ་སྐབས་ཡག་ཤོས་འདྲ་པོར་བརྩི་བཞིན་ཡོད། གང་ཡིན་ཟེར་ན། མཁས་དབང་རཀར་རིན་པོ་ཆེ་དང༌། ཞིང་གཤེགས་རྒན་དམ་པ་བློ་བཟང་རྒྱ་མཚོ་གཉིས་ཀྱིས་མཚོན་པའི་མཁས་པ་རྒན་རབས་པ་དང༌། ཡང་དགེ་བཤེས་རྒན་བསམ་གཏན་རྒྱ་མཚོ་ལགས་དང་རྒན་འཇམ་དཔལ་གྲགས་པ་ལགས་གཉིས་ཀྱིས་མཚོན་པའི་གཞོན་སྐྱེས་དགེ་བའི་བཤེས་གཉེན།

ཇི་ལྟར་བྱས་ཏེ་བོད་པའི་བུད་མེད་ཚོས་འཛམ་གླིང་གི་ཞི་བདེ་ལ་ལེགས་སྐྱེས་འབུལ་ཐུབ།

བཟང་མོ་སྐྱིད། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་ཀ་པ།

 

(བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ་ཡོད།) 
 སྔོན་གླེང།

 སྤྱིར་སྨྲ་ཤེས་ཤིང་དོན་གོ་བའི་མིའི་སྤྱི་ཚོགས་འདིའི་ནང་ཕོ་དང་མོ་ཞེས་དབྱེ་བ་གཉིས་སུ་ཕྱེས་ཡོད་ལ། དེ་ཡང་ཕོ་མོ་སོ་སོའི་རང་བཞིན་གྱི་གཤིས་ཀ་དང་གོམས་གཤིས་མི་འདྲ་བ་ལ་བརྟེན་ནས་རང་ཉིད་ཀྱི་ལས་སྐལ་རིགས་ཀྱང་མ་འདྲ་བ་བྱུང་ཡོད་མོད། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་ཕོ་མོ་གཉིས་གཅིག་ལ་གཅིག་བརྟེན་གྱི་ཐོག་སྤྱི་ཚོགས་གཅིག་གི་ནང་གནས་བཞིན་ཡོད་ཀྱང།

ཁ་སྐད། ཡིག་སྐད། གདངས།

 རྡོ་རྗེ་དབང་ཕྱུག
བོད་ཁམས་ཡོངས་ཀྱི་སྐད་གདངས་གཅིག་གྱུར་བྱེད་ཕྱོགས་ཐད་ཕུལ་བའི་བསམ་ཚུལ།
གཅིག ཁ་སྐད་དང་ཡིག་སྐད་ཀྱི་གནས་སྟངས་ལ་བལྟ་བ།
བོད་ཁམས་ཡོངས་ཀྱི་སྐད་གདངས་མ་གཅིག་པའི་རྐྱེན་གྱིས། སྐད་གདངས་ཀྱི་གནས་སྟངས་ལས་འཕྲོས་པའི་ཐ་སྙད་མང་པོ་ཞིག་བྱུང་ཡོད་པ་ནི། སྤྱི་སྐད། ཡིག་སྐད། ཕལ་སྐད། ཁ་སྐད། ཡུལ་སྐད། ལུང་སྐད། གྲོང་སྐད། རོང་སྐད། འབྲོག་སྐད། ཁམས་སྐད། དབུས་སྐད། ཨམ་སྐད་བཅས་དང༌། ཡང༌། ཁ་སང་དེ་རིང་གི་དཔྱད་གླེང་བ་ཁག་ཅིག་ནས། ཕྱི་སྡོད་བོད་མིའི་སྐད་ཟེར་བ་ཞིག་ཀྱང་གླེང་གིན་ཡོད་པ་བཅས་རེད། ནམ་རྒྱུན་གྱི་ཤོད་སྟངས་ལྟར་བྱས་ན། ཐ་སྙད་འདི་དག་ཚང་མ་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་ནང་བསྡུ་བཞིན་ཡོད། དེ་ནི་ཁ་སྐད་དང་ཡིག་སྐད་གཉིས་ལ་གདངས་ཀྱི་ཁྱད་པར་ཡོད་པས་རེད། ཡི་གེའི་ལོ་རྒྱུས་གླེང་སྐབས། སྐད་ཀྱི་གདངས་ལ་ལྟོས་ནས་ཡི་གེ་བཟོས་པར་ཤོད་ཀྱི་ཡོད་ནའང༌། ཁ་སྐད་དང་ཡིག་སྐད་གཉིས་སུ་གྱེས་པའི་རྒྱུ་རྐྱེན་འཚོལ་མཁན་ཚོས་འཚོ་གནས་ཁོར་ཡུག་ཁ་འཐོར་དུ་སོང་བ་རྒྱུ་མཚན་དུ་འགོད་ཀྱི་ཡོད།

སློབ་སྦྱོང་བྱེད་སྟངས་སྐོར་ལས་འཕྲོས་པའི་གླེང་སློང༌།

(ཚན་པ་དང་པོ།) 
 

རྡོ་རྗེ་དབང་ཕྱུག
གཅིག སློབ་སྦྱོང་གལ་ཆེ་ཚུལ་ལས་འཕྲོས་པ། 
མཁས་པ་མང་པོས་སྡོམ་ཚིག་བསྐྱོན་པ་ལྟར་བྱས་ན། སློབ་སྦྱོང་གི་གོ་རིམ་ནི་རྣམ་གྲངས་གཉིས་སུ་དབྱེ་ནས་བཤད་ཀྱི་ཡོད། དེ་ལས་གཅིག་ནི་བློ་དང་རིག་པའི་རྩལ་གྱིས་བཙལ་དགོས་པ་དང༌། གཅིག་ནི་རྒྱུན་གྱི་འཚོ་བའི་ཁྲོད་ནས་བཙལ་དགོས་པར་འདོད། འདི་ལ་མང་པོ་ཞིག་གིས་སྦྱངས་པའི་ཡོན་ཏན་དང༌། ཉམས་མྱོང་གི་ཡོན་ཏན་ཞེས་ཟེར་བའང་ཡོད། བློ་དང་རིག་པའི་རྩལ་གྱིས་བཙལ་དགོས་པ་ནི། ད་ལྟ་ང་ཚོས་སྔོན་གྱི་མཁས་པ་ཚོའི་རྗེས་སུ་ཞུགས་ནས་འབད་འབད་དུང་དུང་བྱས་དང་བྱེད་བཞིན་པ་འདི་རེད།

སློབ་སྦྱོང་བྱེད་སྟངས་སྐོར་ལས་འཕྲོས་པའི་གླེང་སློང༌།

( ཚན་པ་གཉིས་པ། )
 རྡོ་རྗེ་དབང་ཕྱུག
 
 

གསུམ། རང་སྦྱོང་ལ་བརྟེན་ནས་སློབ་གཉེར་བྱེད་སྟངས།
རང་ཉིད་ཀྱིས་སྦྱོང་བ་ནི། སློབ་གཉེར་བ་རང་ངོས་ནས་བརྩོན་པ་བསྟེན་ཕྱོགས་ཤིག་རེད། དེ་ནི་རང་ཉིད་ཀྱི་ཤེས་ཚད་རང་ཉིད་ཀྱིས་གོང་མཐོར་གཏོང་ཐབས་ཤིག་སྟེ། གོང་དུ་ང་ཚོས། ལྟ་རྒྱ་ཐོས་རྒྱར་ཚིམ་པ་མེད་པ་དེ།། ནམ་ཞིག་མཁས་པར་མི་འགྱུར་སྲིད་པ་མིན།། ཅེས་པའི་སྐབས་ཀྱི་ལྟ་རྒྱ་ཟེར་བ་དེ་རེད། ལྟ་རྒྱ་བསྐྱེད་པ་ནི་སློབ་གཉེར་བ་རང་ཉིད་ནས་དཔེ་ཀློག་དམ་དུ་འཛིན་ཐུབ་དང་མ་ཐུབ་ལ་འབྲེལ་ཡོད། དཔེར་ན། སློབ་ཕྲུག་ཅིག་གིས་དཔེ་དེབ་མ་འདྲ་བ་བརྒྱ་བཀླགས་ཡོད་པ་དང༌། སློབ་ཕྲུག་གཞན་ཞིག་གིས་དཔེ་དེབ་མ་འདྲ་བ་ལྔ་བཅུ་བཀླགས་ཡོད་པའི་དབང་དུ་བཏང་ན། དེབ་གྲངས་བརྒྱ་ཐམ་པ་བཀླགས་མྱོང་མཁན་དེ་ལྟ་རྒྱ་ཆེ་བ་ཡོད་པ་དང༌། དེབ་གྲངས་ལྔ་བཅུ་བཀླགས་མཁན་དེ་དེབ་གྲངས་བརྒྱ་ལྟ་ཀློག་བྱེད་མཁན་དེ་ལས་ལྟ་རྒྱ་ཆུང་བ་ཡོད་པ་རེད།

སློབ་ཕྲུག་གི་ཤེས་ཡོན་འཐུས་ཤོར་གླེང་བ།

བསིལ་ཆབ།
   དེང་སྐབས་བོད་ཀྱི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གི་ཤེས་ཡོན་དང་སྤྱོད་ལམ་ཉམ་ཆག་དུ་འགྲོ་བཞིན་ཡོད་པར་གསུང་སྐད་སྐྱོན་མཁན་ནི་དགེ་རྒན་དང་ཕ་མ་རྩིས་པའི་བོད་མི་ཕལ་ཆེ་བ་ཡིན་ཚོད་དུ་སྣང་ཡང་། དེའི་འབྱུང་རྩ་གཙོ་བོ་འདི་རེད་ཅེས་ཚོགས་སྒེར་སུས་ཀྱང་ཁ་གསལ་ཞིག་བརྗོད་ཐུབ་མེད་པ་རེད། ད་ལོའི་ཤེས་རིག་གི་ཤེས་ཡོན་ཚོགས་ཆེན་ཐོག་ནས་ཀྱང་བགྲོ་གླེང་གནང་བའི་སྙིང་དོན་གནད་དོན་འདིའི་སྟེང་ལ་སླེབས་དུས།

གོད་ཆག་ཁྲོད་ཀྱི་ཆིག་སྒྲིལ།

 
༼སྐྱེ་རྒུ་མདོའི་ས་ཡོམ་གྱི་སྔ་རྗེས་སེམས་ཚོར་ཚིག་ཏུ་བསྡེབས་པ།༽
 རྡོ་རྗེ་དབང་ཕྱུག
 
 
 འབྱུང་བ་འཁྲུག་པའི་གོད་ཆག་གཏུམ་པོས་སྐྱེ་རྒུའི་རི་ལུང་ཡོམ་ཡོམ་སྒུལ།།
བཀྲ་ཤིས་ལུང་པའི་ཕུ་འདའ་མ་ལུས་ངུ་འབོད་འཐབ་པའི་སྒྲ་ཡིས་ཁེངས།།
དགའ་འཛུམ་མདངས་ཀྱི་ཁ་དོག་མང་པོ་ཐལ་རླུང་འཚུབ་མས་ཡོངས་སུ་བཅོམས།།
ཚེ་སྲོག་ལྗོན་པ་སྟོང་གི་རྩེ་མོ་གཤིན་རྗེའི་ཞགས་པས་བཅད་དེ་ཐལ།།

visitors