རྕོམ་བསྐུར་ཡུལ།

_______བསིལ་ཆབ།_______ gtsude@yahoo.com
________འོད་ཟེར།_______ woeserg@yahoo.com
_____________________ དེབ་སྐྱེལ་བྱེད་སྟངས་དཀར་ཆག་"དེབ་སྐྱེལ་"ཞེས་པ་མནན་ནས་གཟིགས་རོགས་གནང།

འབྲེལ་ཡོད་ཤེས་བྱ།

དྲ་ཚིགས་གནས་ཚུལ་།

ད་ལྟ་དྲ་ཐོག་འདི་ན་མི་
ཡོད།

Click to get cool Animations for your MySpace profile
ཚེ་སྲོག་གི་འདུར་རྒྱུགས།

མདོ་དབུས་ཁམས་གསུམ།

 
ཡུལ་ཁྱད་འཕགས་གངས་ཅན་ཁ་བའི་ལྗོངས། །
སྟོད་དབུས་གཙང་ཆོས་ཀྱི་ཆོལ་ཁ་འདི། །
བྱམས་སྙིང་རྗེ་ཆེ་ཞིང་དགེ་བཅུ་ལྡན། །
གནས་ངོ་མཚར་ལོ་རྒྱུས་འབུམ་གྱིས་ཕྱུག།

མར་མེ་གཅིག་ནས་མར་མེ་གཉིས། ༼ པར ༽

 
ཉེ་སྔོན་བོད་གཞུང་གི་ངོས་ནས་ས་གནས་སོ་སོར་བརྡ་ཁྱབ་བཏང་སྟེ་ “མར་མེ་གཅིག་ནས་མར་མེ་གཉིས་”ཞེས་པའི་ལས་འགུལ་ཞིག་བརྩམས་དགོས་པའི་འབོད་བསྐུལ་གནང་འདུག་ལ། འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཡིག་སྦྱོང་བའི་གོ་སྐབས་མ་རེག་པའི་རྒན་གཞོན་སུ་ཡིན་ཡང། དེ་ལ་བོད་ཡིག་སློབ་དགོས་པ་དེ་རེད། འདི་ལ་དགེ་རྒན་དང་སློབ་ཕྲུག དེ་མིན་གྱི་བོད་ཡིག་ཤེས་མཁན་སུ་འདྲ་ཞིག་ཡིན་ཀྱང་བོད་ཡིག་བསླབ་ཆོག་པ་རེད།
འདི་ནས་ཀྱང་གཟའ་ཉི་མའི་གོང་གསེང་དང་སྟབས་བསྟུན་ནས་སློབ་ཕྲུག་ལྔ་ཙམ་རེ་མོས་ཀྱིས་འདོད་རྒུ་གཡུལ་རྒྱལ་གླིང་དུ་བོད་ཡིག་སློབ་དུ་འགྲོ་བཞིན་ཡོད་ལ། ཁོ་ཚོས་བརྗོད་ན་བོད་ཡིག་སློབ་མཁན་ལོ་ན་མཐོ་ཤོས་ནི་དགོངས་ལོ་༧༠ རེད་ཟེར། བགྲེས་སོང་འདི་དག་གིས་རང་གི་རིག་གཞུང་ལ་བརྩོན་པ་སྐྱེད་སྟངས་འདིས་དགེ་རྒན་བྱེད་བཞིན་པའི་སློབ་ཕྲུག་འདི་དག་ལ་དམིགས་བསལ་ཚོར་སྣང་ཞིག་སྤྲད་འདུག་ལ། ངས་ཀྱང་ཕ་རན་སིའི་ “མཇུག་མཐའི་སློབ་ཐུན”ཞེས་པའི་ནང་གི་བགྲེས་སོང་དེ་དག་ཡིད་ལ་དྲན་བྱུང།  བསིལ་ཆབ་ནས།

ཁོར་ཡུག་གི་དགའ་ཚལ།

དྷ་ཤོད་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་བུམ་པའི་སློབ་བུ་བསྟན་འཛིན་སྐལ་ལྡན།

ཇི་སྲིད་གང་ལ་གནས་པ་ན།
དེ་སྲིད་དེ་ལ་གཅེས་འཛིན་ཕྱིར།
གཙང་མ་ལྷ་ཡི་ཁོར་ཡུག་བཞིན།
དོན་གཉེར་ཆེན་པོས་བྱི་དོར་དགོས།
མི་གཙང་ཁོར་ཡུག་སྦག་བཙོག་གནས།
རང་དང་གཞན་ཀུན་ག་ལ་འདོད།
ལྷག་པར་ནད་རིགས་སྣ་འདྲེན་པས།
བློ་འགྱོད་པའི་སྟ་གོན་གྱིས།
ཡིད་དབང་ཕྲོག་པའི་ཁོར་ཡུག་ཞིག
མཐོང་ཙམ་ཉིད་ནས་དགའ་བ་ཅིག
ལྷ་ཡང་ཡིད་སྨོན་འཆོར་བ་ཞིག
འོང་ཕྱིར་ཚང་མས་འབད་འཚལ་ལོ།།

 

སྨྱུག་གྲོགས།

 
༄༅། །གུས་ཤིང་བརྩེ་བའི་མ་འོངས་པའི་སྨྱུག་གྲོགས་ལགས་ཀྱི་ཞབས་དྲུང་དུ།
                                                                                  གུས་པ་ཆེན་པོས་ཞུ་སྙིང།
གུས་མོའི་མིང་ལ་བསྟན་འཛིན་ཆོས་སྒྲོན་དང་ཁོ་མོ་ནི་ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༡༡ པའི་ཚེས་ ༡༨ ཉིན་རྒྱ་གར་འཕགས་པའི་ཡུལ་གྱི་བྱེ་བྲག་ཀོ་ལེ་ཀལ་དུ་སྐྱེས་པ་ནས་ད་ཆར་འཛིན་རིམ་བརྒྱད་པ་བུམ་པའི་ནང་སློབ་སྦྱོང་བྱེད་མུས་ཡིན། གུས་མོས་རྟག་ཏུ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་འོག་སོ་སོའི་ནང་མིའི་རེ་འདུན་བཞིན་དགེ་བའི་བཤེས་གཉེན་ཆེན་པོའི་མདུན་ས་ནས་དོན་དང་ལྡན་པའི་ཤེས་སྤྱོད་ཟུང་གི་མི་ཚེའི་མདུན་མ་བསྐྲུན་བཞིན་མཆིས། ཁོ་མོའི་ཁྱད་ཆོས་ནི་གྲོགས་མོ་དང་ལྷན་དུ་ཕན་ཚུན་སྐད་ཆ་བཤད་རྒྱུ་དང་། རྩེ་མོ་རྩེ་བ།གཟུགས་མཐོང་རླུང་འཕྲིན་བལྟ་རྒྱུ་སོགས་ལ་ཧ་ཅང་དགའ་པོ་ཡོད། གོང་འཕེལ་འགྲོ་བའི་ཆེད་རྒན་ལགས་དང་། སློབ་ཕྲུག་སུ་བྱུང་ནས་ཁོ་མོ་དང་སྨྱུག་གྲོགས་གནང་རྒྱུའི་འབུལ་སྐུལ་ཞུ་བ་དང་ཆབས་ཅིག་ཡིག་འབྲེལ་དབྱིན་བོད་གང་རུང་དང་། བྱུང་ན་བོད་ཡིག་ཐོག་གནང་རོགས་ཞུ།། །།

ཉོན་མོང་ལས་གྲོལ་ཐབས་བདག་མེད་རྟོཊ་པའི་ཤེས་རབ་ཡིན།

དུས་བབ་དྲ་ཚིགས་ལས་བཤུས།
འབྲུག་རྒྱལ་ཁབ་དེ་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་རེད། སངས་རྒྱས་ཆོས་དར་ཁྱབ་ཆེན་པོ་ཞེ་དྲག་ཡོད། ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་མྱུར་མོར་འགྲོ་བཞིན་ཡོད། དེ་བཞིན། སངས་རྒྱས་ཀྱི་ཆོས་ཚུལ་དང་། ལྷག་པར་དུ་འབྲུག་པ་བཀའ་བརྒྱུད་པའི་བསྟན་པ་སྲོག་ཤིང་ལྟ་བུར་གསུང་གིན་ཡོད། དེ་ལྟ་བུའི་ཆོས་ཚུལ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་དར་སྤེལ་གཏོང་རྒྱུར་འབད་བརྩོན་གནང་ཐུབ་ན་ཡག་པོ་ཡོང་གི་རེད། ཕྱི་དངོས་པོའི་ཡར་རྒྱས་དང་ལྷན་དུ་ནང་བསམ་བློའི་བདེ་སྐྱིད་ཀྱང་ཡོང་གི་རེད། ཅེས་༧གོང་ས་མཆོག་གིས་གསུངས།

གཅེས་ཕྲུག་ལགས།

རྡ་ཤོད་ཆོས་དགེ།

༄༅།།  གཅེས་ཕྲུག་ལགས་ཁྱེད་ཀྱི་མིག་ཟུང་ཆུང་ཆུང་དེ་དལ་མོར་ཕྱེས་དང་། གནས་འདི་ན་
        ཁྱེད་ཅག་གི་བློ་བ་དགའ་བའི་པར་རིགས་དང་ཡིག་རིགས་སྣ་ཚོགས་ཞིག་མི་འདུག་གམ།  
       
  ༄༅།།  གཅེས་ཕྲུག་ལགས་ཁྱེད་ཀྱིས་གཟུགས་གཞི་ཆུང་ཆུང་དེ་དལ་མོར་འགུལ་དང་། ཕ་མ་
        གཉིས་པོས་ཁྱེད་ཅག་ནར་སོན་ནས་ལག་རྗེས་ཤིག་འཇོག་རྒྱུར་སྒུག་འདུག་པས་ཉིན་  
        འདི་ནས་ཁྱེད་ཅག་ལ་ཤུགས་རྐྱེན་ཞིག་ཐེབས་སྲིད་དམ།
  ༄༅།།  གཅེས་ཕྲུག་ལགས་ཁྱེད་ཀྱི་ངོ་གདོང་ཆུང་ཆུང་དེ་ལྷུག་ལྷུག་དགོད་དང་། དགེ་ལས་རྣམ་
        པའི་ངལ་བ་དང་རེ་བའི་འབྲས་བུ་ནམ་ཡང་སྨིན་པའི་ཡིད་ཆེས་ཀྱི་ཁེངས་ཤིང་ཡོད།
  ༄༅།།  གཅེས་ཕྲུག་ལགས་ཁྱེད་ཀྱི་གོམ་པ་ཆུང་ཆུང་ཞིག་ཐོལ་གྱིས་སྤོས་དང་། ཁྱེད་ཅག་གི་ 
        མདུན་ན་ཤེས་རིག་དང་ལྷད་མེད་བརྩེ་སེམས་གྱི་འོད་སྣང་ཞིག་འཁྱིལ་བ་ལགས།
  ༄༅།།  གཅེས་ཕྲུག་ལགས་ངས་ཁྱེད་ལ་དགའ་དུང་དུང་གི་དབྱངས་གསལ་སོ་བཞིའི་གླུ་དབྱངས་ 
     ཤིག་ལེན་ན་འདོད་ཅིང་ང་ནི་ཆུང་དུས་ནས་སེམས་ཁྲལ་ཆེ་བའི་ཁྱེད་ཅག་གི་ཨ་ཞང་ངོ་མ་དེ་ཡིན་ནོ།

བསྒྱུར་རྩོམ། འགྱོད་བཤགས།

                               —(འཇར་པན)ཙའོ་ཙཱའོ་མུའུ་ཏ་ཧྲན།
སྐྱེས་པ་ཞིག་འཚབ་འཚུབ་ངང་ཡེ་ཤུའི་ཆོས་དཔོན་གྱི་མདུན་དུ་བརྒྱུགས་འོངས་ཏེ“ མི་གསོད་ལག་དམར་ངོ་མ་ཁོ་ཡིན” ཞེས་འགྱོད་བཤགས་བྱས། དེ་ལྟར་འགྱོད་བཤགས་བྱས་པས་ཆོས་པ་དེ་ག་བྱེད་འདི་བྱེད་མེད་པའི་གནས་ལ་བསྐྱལ།
སྐྱེས་པ་དེས་མི་གསོད་གྱོད་དོན་ཞིག་གི་ཁྲོད་དུ་མི་བསད་པའི་བརྒྱུད་རིམ་བཤད་བྱུང༌། ཡིན་ཡང་གྱོན་དོན་དེ་བྱུང་རྗེས་དོགས་གཞི་ཡོད་པའི་མི་ཞིག་སྔ་ས་ནས་བཟུང་ཟིན་པར་མ་ཟད་ད་དུང་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་ཀྱང་བཅད་ཟིན། ཆོས་པ་ཞིག་ཡིན་པའི་ཆ་ནས་ཁོས་འཕྲལ་མར་མི་དེ་ཉེན་རྟོག་ཁང་ལ་བསྐྱལ་ཏེ་ཁྲིམས་ལ་སྦྱར་ན་འགྲིག་མོད། འོན་ཀྱང་ཆོས་ཁྲིམས་ལྟར་ན་འགྱོད་བཤགས་བྱེད་མཁན་གྱིས་འགྱོད་བཤགས་བྱས་པའི་བརྗོད་བྱ་ནི་མཐའ་གཅིག་ཏུ་གསང་རྒྱུ་ལས་ཕྱི་རུ་གྱར་མི་རུང་བ་ཡིན།

visitors