དེ་ཡང་བདག་ཅག་གདོང་དམར་བོད་པའི་བཀའ་དྲིན་གྱི་བདག་ཉིད་ཅན་སློབ་དཔོན་ཆེན་མོ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་གཏོད་པ་ནས་ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་ལ་མཁས་པའི་རྐང་གྲངས་གནམ་གྱི་རྒྱུ་སྐར་ས་ལ་འཕོས་འདྲ་བྱོན་པ་དང་དེ་དག་གི་སྐུ་ཚེ་གང་པོར་བརྩོན་འགྲུས་རབ་དང་རིམ་པ་བྱས་པ་རྒྱུད་གངས་ཅན་ལྗོངས་སུ་ཤེས་རིག་གི་བ་གམ་མཐོན་པོར་བརྩེགས།ལྷག་པར་དུ་དུས་རབས་ཉི་ཤུ་པའི་དུས་འགོར་དཀའ་ངལ་ཁྱད་དུ་བསད་ནུས་ཅིང་མཁས་པའི་མིང་གྲགས་འཛམ་གླིང་ལ་འབར་བའི་རིག་པའི་དཔའ་བོ་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་ཁ་བའི་རི་བོར་བྱོན་བྱོན་པས་བོད་མི་རིགས་ཀྱི་རིག་གནས་ལ་སྔར་མེད་ཀྱི་བླ་སྲོག་ཅིག་བསྩལ།
སྒོམ་སྡེ་ལྷ་རམས་པ།
ཡོངས་གྲགས་སུ་རླུང་རྟ་ཞེས་པ་སྲོག་ཆགས་རྣམ་ལྔའི་གཟུགས་བརྙན་ལྡན་པའི་དར་ལྕོག་ལ་རླུང་རྟ་ཟེར།
རླུང་རྟ་དངོས་ནི། བསོད་ནམས་དང་བདེ་སྐྱིད་ལམ་འགྲོ་སོགས་ལ་གོ་དགོས་པ་ཡིན། རླུང་རྟ་ནི་སྐྱེ་བོ་གང་ཞིག་གི་འབྱུང་བའི་ཁམས་སྙོམས་པ་དང་། ཉེས་པ་ནས་ལེགས་པར་འགྲོ་བ། ཉམས་དམའ་བ་ནས་ཉམས་དགའ་བའི་གནས་སུ་འགྲོ་བ། ལྟས་ངན་པ་ནས་བཀྲ་ཤིས་པར་འགྲོ་བ། འདོད་པའི་དོན་ཀུན་མྱུར་དུ་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ཅིག་ཡིན་ཏེ། དེ་ཡང་དར་མཚོན་སྣ་ལྔས་ནང་གི་འབྱུང་བ་ལྔ་མཚོན་པ་ཡིན་ལ།དབུས་ཀྱི་རྟ་ནི་འདོད་དོན་མྱུར་དུ་འགྲུབ་པའི་མཚོན་བྱེད་དོ། །དེ་གནས་མཐོན་པོར་བཙུགས་ན་བདེ་སྐྱིད་དང་བྱ་བ་ལམ་འགྲོ་བསམ་དོན་མྱུར་དུ་འགྲུབ་པ་སོགས་ལ་ཕན་རླབས་ཆེན་པོ་འབྱུང་བར་བཤད། འདི་ལ་རླུང་རྟ་དང་ཀླུང་རྟ་ཞེས་འབྲི་སྲོལ་གཉིས་ཡོད་ཀྱང་། རླུང་རྟ་ཞེས་བྲིས་ན་ལེགས་པར་སེམས་ཏེ། རླུང་རྟའི་ཐ་སྙད་ཀྱང་དབུས་ཀྱི་རྟ་མཆོག་ཅང་ཤེས་དེ་ལས་ཐོགས་པར་སེམས་ཤིང་། རླུང་ལྟར་ཧ་ཅང་མགྱོགས་པ་དང་མྱུར་བའི་ཆ་ནས་བོད་ཀྱི་ངག་རྒྱུན་དུ་རྟ་མཆོག་ལ་རླུང་གི་གཤོག་པ་ཅན་ཞེས་འབོད་པས་དེ་ལ་བརྟེན་ནས་རླུང་རྟ་ཞེས་པའི་ཐ་སྙད་འདི་བྱུང་བར་སེམས་སོ། །ཞིབ་ཏུ་བརྟགས་ན་ཀླུང་རྟ་ཞེས་བྲིས་པ་ནི་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་གྱི་འདི་ལ་ཁུངས་ལྡན་གྱི་འགྲེལ་བཤད་གཤའ་མ་ཞིག་ཡོད་པར་ནི་མི་སྣང་སྟེ། འཇུ་མི་ཕམ་གྱིས་ཀྱང་ཀླུང་རྟ་ཞེས་བྲིས་ན་མི་མཛེས་པས་རླུང་རྟ་ཞེས་བྲིས་ན་ལེགས་པར་གསུངས་སོ། །དཀྱིལ་གྱི་རྟ་མཆོག་ཅང་ཤེས་དང་དེའི་སྟེང་གི་ནོར་བུ་གཉིས་ནི་བསམ་དོན་བདེ་བླག་ཏུ་འགྲུབ་པའི་མཚོན་དོན་དང་། དེ་ཡང་རྟ་མཆོག་ནི་མྱུར་བའི་མཚོན་དོན་དང་།
ནོར་བུ་ནི་བསམ་དོན་ཡིད་བཞིན་དུ་སྩོལ་བའི་མཚོན་དོན་ནོ། །བོད་ཀྱི་ལོ་གསར་ཚེས་གཉིས་སམ་གསུམ་ཉིན་བོད་མིའི་གྲོང་ཁྱིམ་ཚང་མས་རང་རང་གི་ཁང་ཐོག་ཏུ་བསྐྱོད་ནས་གསངས་གསོལ་བྱེད་ཅིང་། དར་ལྕོག་རྙིང་པ་རྣམས་མར་ཕབ་ནས་གསར་པ་བརྗེ་བ་ཡིན། དར་ལྕོག་ནི་གོང་ཞུས་ལྟར་ཁང་པའི་ཡང་ཐོག་དང་། རི་མཐོན་པོ། ལའི་རྩེ་མོ། བྲག་གཡང་གཟར་པོ། ཤིང་མཐོན་པོ་སོགས་ལ་འཛུགས་ཤིང་། ལྷག་པར་རྟེན་འབྲེལ་ཆེན་པོ་བྱེད་པའི་ཚེ་ཁམས་མཐུན་གྱི་དར་ལྕོག་འཛུགས་པ་དང་། དར་གྱི་ལྡ་ལྡི། བཀྲ་ཤིས་ཁྲ་རིང་འཕྱང་བ། སྒོ་འགྲམ་དུ་དར་ཆེན་འཛུགས་པ་སོགས་བྱེད། དར་ལྕོག་འཛུགས་པ་ནི་བོན་པོའི་ལུགས་ཡིན་པར་གྲགས། དར་ལྕོག་ལ། དར་ལྡི་དང་། བ་དན། དར་ཆེན་བཅས་ཡོད།
འཕྲིན་ལས་བསྟན་འཛིན། འཛིན་གྲྭ་བཅུ་གཅིག
ཚན་རྩལ་དང་། དེང་རབས་ཅན་གྱི་གཡོ་འགུལ་ཆེ་བའི་དུས་རབས་ཉི་ཤུའི་མགོ་སྟོད་ན། ཆེས་རྗེས་ལུས་དང་། བླུན་རྨོངས་ནི་ང་ཚོ་གདོང་དམར་བའི་མི་རིགས་འདི་ཉིད་ཡིན། གསར་གཏོད་ལ་རྒྱབ་འགལ་དང་། དེང་རབས་ཅན་ལ་དགྲ་རུ་ལངས་ཏེ་མཐར་མི་ལོ་ཆིག་སྟོང་གསུམ་བརྒྱའི་སྔོན་རོལ་ན། སྤུར་རྒྱལ་བོད་ཀྱི་དམག་དཔུང་ལ་ལུག་ཕྲུག་སྙིང་རྩ་འདར་འདར་དང་། བྲན་མོ་རྔུལ་ཆུ་ཁྲོམ་ཁྲོམ་གྱི་སྐྲག་གིན་པའི་རྒྱ་དམར་ཏེ། ད་ལྟ་ང་ཚོ་ཁོ་ཚོའི་ལག་འོག་ལ་ལས་སླ་མོར་ཚུད། དུས་དེ་ནས་བཟུང་ང་ཚོར་དབང་བ་ནི་རང་གསོ་མི་ཐུབ་པའི་གྲོད་པ་འདི་ལས་མ་འདས།
ཉིན་ཞིག་བོད་པ་ཞིག་དང་ཁ་ཆེ་གྲོགས་པོ་ཞིག་རི་ལི་ནང་ཐུག་པ་ རེད། དེ་མ་ཐག་བོད་པ་དེས་ཁ་ཆེ་དེར་རྩེད་མོ་དང་སྦྲགས་ ཨ་ཁྱད་མཚར་། ཁྱེད་ཚོའི་ལྷ་དེ་དངོས་གནས་ཨ་ཆོག་ཐང་ཐང་ཡོད་ས་མ་རེད། ཁྱེད་ཚོས་ལྷ་ཁང་ཕྱི་ནང་ཚང་མར་སྐད་དེ་འདྲ་རྒྱབ་ན་ཡང་ཨ་ལེན་འདེབས་མཁན་མི་འདུག་ག། ལབ་པས། ཁ་ཆེ་དེ་ངོ་ཚོ་པོ་བྱུང་། དེ་ནས་གང་མཚམས་སོང་བ་ན་ཁ་ཆེ་དེས། ཨ་ཁྱད་མཚར། ཁྱེད་ཚོ་བོད་པའི་ལྷ་དེ་ཚོ་དངོས་གནས་མིག་ཡག་པོ་ཡོད་ས་མ་རེད། ཁྱེད་ཚོས་མཆོད་མེ་གཅིག་སྤར་ཡང་ད་དུང་མི་མཐོང་བར་གསུམ་བཞི་སྤར་དགོས་ཀྱི་ འདུག་ག། ལབ་པས་བོད་པ་དེ་རེ་ཞིག་ཁ་སྐྱེངས་པོ་ཆགས་པ་རེད། གྲོགས་པོ་བང་སྨྱུག་ཞིག་གིས་བཤད། སྨྱུག་རྒོད་གངས་བུས་བྲིས། རྩོམ་ཁུངས། ཁ་བརྡ།
ངལ་རྫི།
【བདུན་ཕྲག་གཅིག་གི་སྔ་རོལ་ལ། འབུམ་རམས་པ་ཀུན་དགའི་དཔྱད་རྩོམ་ཁ་བྱང་འདེམས་པའི་ཚོགས་ཐོག་ནས། དགེ་རྒན་ཆེན་མོ་དོར་ཞི་ལགས་ནས་གཞེན་སྐུལ་གྱི་ཚུལ་དུ་གསུངས་པ་དེ་དོན་སྙིང་ཤིན་དུ་ཆེ་བ་དང༌། ད་ལྟའི་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་དེ་བས་ཀྱང་སྨན་དུ་བསམ་ནས་གནས་འདིར་ཟིན་བྲིས་སུ་བཏབ་པ་བསྡུས་ཏེ་བྲིས་པ་ཡིན་ལགས】
སངས་རྒྱས་ཀྱི་རྩོམ་མང་པོ་བསྒྱུར་ཡང༌། འགྱུར་ཟིན་པ་དེ་བོད་ཀྱི་ཡིན་པ་ལས་རྒྱ་གར་གྱི་མ་ཡིན། བོ་དོང་གི་རྩོམ་ཀློག་མི་བདེ་ལ་ཙོང་ཁ་པའི་རྗེས་ནས་བཟུང་རྩོམ་འབྲི་ཚུལ་ཇེ་ཞིབ་དང་ཇེ་ལེགས་སུ་སོང་ཡོད་པ་རེད། མི་ལ་རས་པའི་རྩོམ་དང་དེའི་རྣམ་ཐར་གྱིས་བོད་མིའི་མི་གཤིས་ཁྱད་པར་བ་ཞིག་མཚོན་ཡོད།
འབྲོག་རུ་ཆོས་གྲགས། རྩོམ་ཁུངས_ཁ་བརྡ།
ཉེ་ལམ་བོད་ནང་གི་གྲོགས་པོ་འགའ་དང་མཉམ་དུ་དྲ་ལམ་ནས་གླེང་མོལ་བྱས་པའི་སྐད་ཆ་ཚིགས་བཅད་ཀྱི་ལམ་ནས་བྲིས་པ་ཡིན་ལ། ཁོང་ཚོའི་ཚབ་བྱས་ནས་བྱེས་འབྱོར་བོད་མི་རྣམས་ལ་གཞིས་ལུས་ཀྱི་གྲོགས་པོ་འགའི་སེམས་པ་དམར་རྗེན་དེ་བསྟན་པའང་ཡིན།
ནོར་ལུག་ཐང་མར་བརྡལ་བའི་སྤང་ལྗོངས་ཤིག་ན།།
མེ་ཏོག་སྣ་ཚོགས་བཞད་པའི་རི་ལུང་ཞིག་ན།།
སྒོ་དར་རླུང་གིས་བསྐྱོད་པའི་སྦྲ་ནག་འོག་ན།།
ཨ་མའི་རེ་སྒུག་མིག་ཟུང་རྒྱང་ལ་ཅེར་ཡོད།།
སློབ་བུ་བྱམས་པ་དོན་འགྲུབ། <སེ་ལ་ཀུའི་བོད་ཁྱིམ་འཛིན་གྲྭ་དགུ་བ>
དུས་བཞིའི་འགྱུར་ཚིག་དང་དུས་རབས་ཀྱི་གོ་རིམ་ཁྲོད། དེ་རིང་སླར་ཡང་འཛུམ་གྱི་བསུས་པའི་ཉིན་མོ་འདི་བསོད་ནམས་མིག་གི་གོ་སྐལ་དུ་ཞོགས་པའི་མཚམས་སྤྲིན་དང་ལྷན་དུ་གཟི་མདངས་མངོན།འདི་ནི་མི་རིགས་ཤིག་གི་སྒྱུ་རྩལ་དང་སྙིང་སྟོབས་སུ་མངོན་དུས།རྒྱལ་གཅེས་ལྷག་བསམ་ཅན་རྣམ་པའི་བརྒྱུད་རིམ་ལ་ཡིད་སྨོན་གྲངས་མེད་ཞུ་བ་དང། གངས་རིའི་ཤ་ཁྲག་འབྲེལ་བའི་སྤུན་ཟླ་ཚོས། འབྱུང་འགྱུར་གྱི་བསམ་གཞིག་ཀློང་ནས། གསོན་ཉམས་ལྡན་པའི་ཉིན་མོར་ཁྱེད་རྣམས་ལ་མཚམས་འདྲི་ཞུ།
བོད་དགེ་བུ་ཕྲུག ༼སེ་ལ་ཀུའི་བོད་ཁྱིམ།༽
བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཆགས་ནས་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་ཞིག་རེད། དེ་བཞིན་འགྲོ་བ་མིའི་གདོད་མའི་སྤྱི་ཚོགས་བྱུང་བ་དང་སྦྲགས་རང་གི་སྐད་ཡིག་ཀྱང་རིམ་གྱིས་ནགས་སུ་མེ་མཆེད་པ་ལྟར་འཕེལ་རྒྱས་སུ་ཕྱིན་པ་རེད། སྐད་ཡིག་ཅེས་པ་སྐད་དང་ཡི་གེ་ལ་འཇུག་སྐད་ནི་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་བརྒྱུད་ལམ་ཞིག་ལ་ཟེར། ཡི་གེ་ནི་སྐད་དེ་མཚོན་པར་བྱེད་པའི་མཚོན་རྟགས་ཤིག་ཡིན། བོད་དུ་ཡི་གེ་འབྱུང་རིམ་ལ་མཁས་པ་སོ་སོའི་བཞེད་སྲོལ་འདྲ་མིན་ཡོད། དཔེར་ན། མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་གཟིའི་ཕྲེང་བ་ལྟར་ན། དུས་རབས་བདུན་པའི་གོང་ནས་བོད་དུ་ཡི་གེ་ཡོད་པར་བཞེད། དེ་འདྲའི་ཡི་གེ་དེ་ནི་ཞང་ཞུང་སྨར་ཡིག་ཅེས་པ་དབྱངས་ཡིག་དང་རྐང་པ་ཐུང་ལ་གཞི་རྟེན་དཔངས་མཐོ་བོ་ཡོད་པ་ཞིག་ཡོད།
ཟླ་བ།
འཇོན་པོའི་བུ་དང་བརྩེ་བའི་ཆུང་མ་མེད།།
དྲག་པོའི་སྲུང་དམག་ཞི་བའི་དཔལ་འབྱོར་མེད།།
འཛུམ་པའི་སྤྱན་དང་བརྩེ་བའི་ཕྱག་རིང་གིས།།
ས་ཆེན་དབང་དུ་སྡུད་མཛད་ཁྱོད་ལ་དུང།།
བཞུགས་པའི་ས་མེད་སྟབས་བསྟུན་འཚོ་བས་གཅུན།།
ཕེབས་པའི་ལམ་མེད་སྲིད་ཀྱི་ཚེར་མས་གང་།།
སྲོལ་རྒྱུན་རྒྱུན་འཛིན་དེང་རབས་ནང་འདྲེན་སོགས།།
བོད་པའི་ལས་འགན་ཡོད་ཚད་ཁྱོད་ལ་ཡོད།།
མཆན་མང་ཤོས་ཀྱི་རྩོམ།