ལྷ་རྒྱལ་ཚེ་རིང་།
བཅོ་ལྔའི་བུ་མོ་སློབ་གྲྭར་མི་སྐྱེལ་ནུ་ལྡན་མཛོ་མོར་བརྗེ་སྐབས་སུ། །
ཡིད་འཕྲོག་སྐེད་ཕྲ་བག་ལ་མ་སོང་ཁྲམ་པས་བཙན་སྤྱད་བྱེད་སྐབས་སུ། །
བརྩོན་ལྡན་སྒེག་མོ་གནས་ནས་མ་འགྲིག་ངེས་མེད་ས་མཐར་འཁྱམ་སྐབས་སུ། །
ཀྱེ་མ་བདག་གི་འདྲེན་བྱེད་ཟུང་ལས་ཕངས་པའི་མཆི་མ་དབང་མེད་བཞུར། །
སློབ་བུ་ཕུན་ཚོགས་ཡོན་ཏན་ལགས་ཀྱིས་བྲིས་པའི་རི་མོ།
བདེ་བ་ཅན་གྱི་མགོན་པོ་འོད་དཔག་མེད།། མཐོན་མཐིང་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས།། དགྱེས་འཛུམ་ཟླ་བའི་ཞལ་རས་བདག་ལ་སྟོན།། བྱིན་རླབས་བདུད་རྩིའི་དགའ་སྟོན་བདག་ལ་སྟོན།། ཚེ་མཇུག་དབུགས་ཐག་ཆད་པར་ཉེ་བའི་ཚེ།། མཚན་དཔེ་རྒྱན་ལྡན་ཁྱོད་སྐུ་བདག་དྲུང་དུ།། མངོན་སུམ་བྱོན་ནས་ཚེ་འདིར་མ་ཆགས་པར།།
_____ཟླ་བ།
ཡུལ་བབ་མཐོ་ཞིང་ཆུ་དང་མཁའ་རླུང་གཙང་།།
མ་བཅོས་རང་བྱུང་ཁོར་ཡུག་ཉམས་སུ་དགའ།།
འཛམ་གླིང་འཛིན་མའི་ཏོག་གྱུར་བསིལ་ལྡན་ལྗོངས།།
གདོད་ནས་བོད་ལ་དབང་བའི་ཡུལ་ལུང་ཡིན།།
ཕ་རྒྱུད་བྱང་སེམས་སྤྲེ་འུའི་རིགས་ལས་མཆེད།།
____དབང་ཆེན། (འཛིན་གྲྭ་བཅུ་གཅིག)
ཁ་བའི་ལྗོངས་ཀྱི་སྣོད་བཅུད་འཇིག་རྟེན་དུཿ་ཁཾའི་ཡོ་ལང་ཁྲོད་ནས་རྒུད།།
ཁ་བའི་རྣམ་ཤེས་ཟུངས་ཁྲག་དྲོད་མོ་འཇིག་རྟེན་ཕྱི་མའི་ཕ་མཐའ་འགྲིམས།།
ཁ་བ་རི་བའི་ལས་དབང་བཀོད་སྒྲིག་ཆག་གྲུམ་ཤོར་ཏེ་འཇིག་ལ་ཉེ།།
ཁ་བའི་གཞོན་ནུ་ཤར་གྱི་དུང་རིས་བདེན་པའི་སྨྲེ་ངག་དབྱངས་སུ་གྱེར།།
____དགེ་འདུན་ཆོས་འཕེལ།
* * * * * * * * * * *
སྲིད་པའི་འབྱོར་བ་ལ་ཁའི་ན་བུན།།
འདུས་པའི་གཉེན་གྲོགས་ཚོང་འདུས་མགྲོན་པོ།།
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ།།
བསམ་ཞིང་བསམ་ན་སྙིང་པོ་མི་འདུག།
_____པདྨ་མ་དཔའ་དབྱངས། < སེ་ལ་ཀུའི་སློབ་གྲྭ འཛིན་གྲྭ་བཅུ་གཅིག >
དེ་རིང་ནི་ཕྱི་ལོ་༢༠༠༩ཟླ་བ་༧་པའི་ཚེས་༡༠་སྟེ། སློབ་གླིང་དུ་ཆར་བ་འབབ་ཐེངས་ཆེས་ཐོག་མ་དེ་རེད། ཞོགས་པ་འདིར་ཆར་བའི་འབབ་རྒྱུན་ཆད་རྒྱུ་མེད་ལ། ཆར་ཐིགས་དེ་དག་ཆུ་ཤེལ་ལས་གྲུབ་པའི་ལྒང་བུ་ཆུང་ཆུང་ཇི་བཞིན་སློབ་གྲྭའི་ས་གཞིའི་ཡོངས་སུ་འབབ་ཀྱིན་འདུག ངས་ཤག་ཤག་ཏུ་འཇོ་བའི་སྦྲང་ཆར་གྱི་སྐད་སྒྲ་གཉོམ་པོ་དེ་ཐོས་མ་ཐག་སེམས་ནང་དགའ་སྤྲོ་མནན་ཀྱང་ནོན་དཀའ་བ་ཞིག་དབང་མེད་དུ་སྐྱེས་སོང། རྒྱུ་མཚན་ནི་ཉིན་ཤས་སྔོན་ང་ཚོའི་སློབ་གླིང་ནི་མེ་རླབས་ཀྱིས་བཏུམས་པ་ལྟར་ཚ་དྲོད་ཀྱིས་མནར་བས་ཡིན་ངེས།
_____འཇུ་སྐལ་བཟང་།
བཤེས་གཉེན་ལ་བསྟོད་པ།
མཁའ་ལ་གཟའ་སྐར་མཐའ་ཡས་ཀྱང༌། །
པ་སངས་མདངས་ལ་འགྲན་པ་དཀའ། །
ས་ལ་མཁས་པ་གྲངས་མང་ཡང༌། །
བསམ་གཏན་མཚན་ཅན་བླ་ན་འཕགས། །
བསིལ་རིའི་ཞིང་གི་མི་རིགས་ཀྱི། །
ཀུན་འདུས་གཞུང་ལུགས་ཕུལ་བྱུང་རྒྱུན། །
ལེགས་སྤེལ་དཔེ་མེད་བཤེས་གཉེན་ཆེ། །
སློབ་དཔོན་མཆོག་ཁྱོད་མགོན་སྐྱོབ་དངོས། །
ལམ་ཕྱེད་ནས་ཕྱི་མིག་བལྟས་པ།
དགའ་སྐྱོ་གོམ་ལ་གཞལ་བའི་བཤུལ་ལམ་གྱི་ཁུགས་པར།
སྐྱིད་སྡུག་ཚེ་ཕྱེད་ཟད་ལ་འགྱོད་པ་རང་མེད་ཀྱང༌། །
ཨ་མའི་པང་ནས་རྙེད་པའི་ལྷན་སྐྱེས་ཀྱི་གཤིས་རྒྱུད།
རྩྭ་མགོ་ཤིང་མགོར་ཟགས་ལ་ཕངས་སེམས་ཤིག་ཤོར་སོང༌། །
དུས་བབ་ནས་བཤུས།
ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་མཉམ་དུ་ནང་སེམས་རྒྱུད་ཀྱང་ཡར་རྒྱས་གཏོང་རྒྱུ་གལ་འགངས་ཆེན་པོ་རེད་ཅེས་དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་རྣམས་ལ་གསུངས་ཡོད།
ཕྱི་ཚེས་ ༡༡ ཉིན་གཉའ་ཁྲི་ཆོས་རིག་ཞབས་ཞུ་རེས་མེད་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བ་ཡན་དང་སྦེལ་ཀོབ་དབུས་ཉིན་སློབ་ཀྱི་འཛིན་རིམ་བཅུ་བ་ཡན་གྱི་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་ལ།
མཆན་མང་ཤོས་ཀྱི་རྩོམ།