དགེ་སློབ་གླེང་སྟེགས།
༢ ང་ཡི་ནུ་བོ།
བོད་ཁྱིམ་གོ་པལ་པུར་སློབ་གྲྭ་ནས།
ང་ཡི་ནུ་བོ་ནི་ལོ་བརྒྱད་ཙམ་ཡིན། ཁོ་བློ་རྣོ་ཞིང་རིག་པ་གསལ་བ་དང་བསམ་ཤེས་ཤིག་ཡིན་པ་མ་ཟད། སློབ་སྦྱོང་ལ་ཡང་ཤིན་ཏུ་དགའ། དེའི་ཕྱིར་ང་རང་ནུ་བོ་ལ་ཧ་ཅང་དགའ། བསམ་བློ་གཏོང་བ་ནི་ཁོའི་གོམས་གཤིས་ཤིག་ཏུ་གྱུར་ཡོད་པས། ཁོར་ཡུག་གི་དངོས་པོ་ཐམས་ཅད་ཀྱི་གནས་ལུགས་ཇི་འདྲ་ཞིག་ཡིན་པའི་ཐད་ལ་དྲི་བ་མང་པོ་འདོན་པར་ཧ་ཅང་དགའ། ཉིན་ཞིག་ལ། ངེད་གཉིས་དགོན་པ་ཡོད་པའི་ཨ་ཁུའི་གྲྭ་ཤག་ཏུ་སོང༌། ནུ་བོས་མཆོད་མེ་བསྟན་ནས་“ཕུ་བོ་ལགས། འདི་ཅི་རེད”ཅེས་ཟེར། ངས་“འདི་ནི་མཆོད་མེ་རེད་”ཅེས་བཤད་པ་ལ། ནུ་བོས་ཡང་སྐྱར་“ཅིའི་ཕྱིར་མཆོད་མེ་བསྒྲོན་པ་རེད་”ཅེས་དྲིས། ངས་ཀྱང་མཆོད་མེ་བསྒྲོན་པའི་རྒྱུ་མཚན་མི་ཤེས་པས། ནུ་བོ་ལ་“རྗེས་ནས་ཁྱོད་ལ་བཤད་”ཅེས་བཤད་དེ་ལབ་ཁ་བཅད། ནུ་བོ་རེ་ཞིག་ལ་ཁ་རོག་གེར་བསྡད་རྗེས། ཡང་“ཕུ་བོ་ལགས། མཆོད་མེའི་ཚབ་ཏུ་གློག་བཀར་ན་ཆོག་གམ་”ཞེས་ཟེར། དྲང་མོར་བཤད་ན། ང་ནི་བོད་ཡིག་སློབ་མཁན་ཞིག་ཡིན་མོད། བརྩོན་འགྲུས་མེད་པ་དང་ལེ་ལོ་ཅན་གྱི་སློབ་མ་མ་རབས་ཤིག་ཡིན་པས། ནུ་བོས་བཏོན་པའི་དྲི་བ་ལ་དག་ལ་ལན་ལྡོན་མ་ནུས། ཉིན་ཞིག་ལ་ངས་དགོན་པ་ན་ཡོད་པའི་ཨ་ཁུ་ལ་ནུ་བོའི་དྲི་བ་དེ་དག་དྲིས། ཨ་ཁུས་དགའ་སྤྲོའི་ངང་ནས་དྲི་བ་རེ་རེར་ལན་གསལ་ཐག་ཆོད་པ་རེ་བཏབ་རྗེས། “ཁྱོད་ཀྱི་ནུ་བོ་འདིའི་ལྷན་སྐྱེས་ཀྱི་རིག་པ་ཤིན་ཏུ་བཟང༌། བསྐྱེད་སྲིང་བྱས་ན་དགེ་བཤེས་མི་འདྲ་བ་ཞིག་འཁྱོངས་ངེས་རེད་”ཅེས་ཟེར་བ་དང༌། “ཁྱོད་ཀྱིས་སློབ་སྦྱོང་ལ་འབད་པ་བྱེད་བཞིན་ཨེ་ཡོད། རང་གི་ནུ་བོ་ལ་སློབ་སྦྱོང་བྱས་ཏེ། གསུམ་བཟང་སློབ་མ་ཞིག་ཏུ་འགྱུར་བར་བྱེད་དགོས་”ཞེས་ཟེར། དངོས་གནས། ངས་ནུ་བོ་ལ་སློབ་སྦྱོང་བྱེད་འོས། ནུ་བོ་ད་ལོ་ལོ་རིམ་གཉིས་པའི་སློབ་མ་ཡིན། ཁོས་སྟོབས་ཤུགས་ཡོད་ཚད་སློབ་སྦྱོང་ཐོག་ལ་འདོན་བཞིན་ཡོད་པས། སྐད་ཡིག་དང་རྒྱའི་སྐད་ཡིག་གི་སློབ་ཚན་མང་ཆེ་བ་བློ་ལ་བཟུང་ཡོད། རྒྱུགས་འབྲས་ཀྱང་ཧ་ཅང་བཟང་བས། དགེ་རྒན་གྱིས་རྒྱུན་དུ་གཟེངས་བསྟོད་བྱེད་བཞིན་ཡོད།
དགོན་པའི་ཨ་ཁུའི་རེ་བ་ནི། ནུ་བོ་བན་དེ་བྱེད་དུ་འཇུག་རྩིས་ཡོད་མོད། ནུ་བོས་“མ་འོངས་པ་ན་ང་རང་བོད་ཡིག་དགེ་རྒན་ཞིག་བྱེད་རྒྱུ་ཡིན། གྲྭ་བ་མི་བྱེད་”ཅེས་ཟེར་བ་དང༌། ཕ་མ་གཉིས་ཀྱིས་ཀྱང་ལས་བྱེད་པ་ཞིག་ཏུ་གྱུར་ན་བཟང་སྙམ་བཞིན་ཡོད་པས། ཨ་ཁུའི་རེ་བ་མ་འགྲུབ།
ནུ་བོ་ལགས། ཁྱོད་ལ་གཅེས་མཁན་མང་བས། ཁྱོད་ནི་མེ་ཏོག་ཅིག་དང་འདྲ། ནུ་བོ་ལགས། ཕུ་བོ་ངས་ཀྱང་ཁྱོད་ལྟར་སློབ་སྦྱོང་ལ་འབད་པ་བྱས་ནས་བཟང་པོ་གསུམ་ལྡན་གྱི་སློབ་མ་ཞིག་བྱེད་ངེས་ཡིན།
སྤྱོང་ཚན།
༡ ཚིག་གསར།
བོད་ཡིག་སློབ་རྒྱུ་དེ་སུའི་འོས་འགན་རེད།
སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་སྲོག་རྩ་དང་།སྐད་དང་ཡི་གེ་འཇིགས་ཡོང་ན་མི་རིགས་ཟེར་བ་མིང་གི་ལྷག་མར་འགྱུར་འགྲོ་བ།སྐད་དང་ཡི་གེ་ནི་མི་རིགས་རིག་གནས་ཀྱི་རྩ་བ་བརྟན་ཞིང་རྩེ་མོ་རྒྱས་པའི་བླ་མེད་ཀྱི་ཆ་རྐྱེན་ཨང་དང་བོ་ཡིན་ཟེར་བ་དང་། མི་རིགས་ཞིག་ཡིན་པ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དགོས་པ་དང་།གལ་ཏེ་ཁྱད་ཆོས་དེ་མེད་སོང་ན་མི་རིགས་ཟེར་བ་དེའང་ངོས་འཛིན་ཐབས་མེད་ཅེས་རིག་གཞུང་རང་བཞིན་གྱི་སྐད་ཆ་རེ་བཤད་ན་འགྱིང་འདུག་པའི་བོད་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་དག་དང་།བོད་རིག་པའི་ཟབ་ས་ནས་འཚོ་ཞིང་གནས་པའི་ཆེད་མཁས་ཚོས་བོད་ཀྱི་སྐད་དང་ཡི་གེ་ལ་བླ་བཙོངས་པ་འདྲ། མི་སུས་ཀྱང་བཙོངས་པ་མེད། ཁོ་ཚོས་ཅི་ཞིག་ལ་དམིགས་པ་ཉམ་ཆུང་བའི་ང་ཚོས་ཧ་གོ་ཐབས་མེད་པ་ནི་ཁོ་ཚོར་སྐད་ཆ་བཤད་པའི་གོ་སྐབས་ཅི་ཡོད་ལ་བརྟེན་ནས་བོད་ཀྱི་སྐད་དང་ཡི་གེའི་གལ་ཆེའི་རང་བཞིན་བཤད་དེ་སློབ་མ་དང་། ལྷན་སྐྱེས་ཀྱི་རང་རྒྱུད་དྲང་བའི་སྐྱེས་བོ་རྣམས་ལ་སྐད་ཅིག་ཏུ་ལ་རྒྱའི་སེམས་སྟོབས་སྐྱེ་རུ་བཅུག་ཀྱང་རང་ཉིད་ཕམ་ཁ་དང་མི་ཁའི་སྡུག་བསྔལ་དང་བཙན་འཛུལ་ལ་སྐྲག་ནས་སྐད་ཡིག་རིག་གནས་དེ་དགོས་དབང་གི་ཆེད་མི་ལ་མགོ་སྐོར་གཏོང་བྱེད་དང་རང་ཉིད་གཅིག་བུའི་འཚོ་བ་སྣུམ་པོ་འོང་བྱེད་ཀྱི་ཐབས་ལས་ཅི་ཡང་མེད།
དེ་ལས་ང་ཚོས་བོད་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་དང་། བོད་ཀྱི་མཁས་པ་ཚོའི་ལས་ཀ་ལས་སྟངས་དང་བྱ་བ་སྒྲུབ་ཚུལ་ལ་བལྟས་ན་ཁོ་ཚོས་ནང་མི་རིགས་ཤིག་གིས་རང་གི་སྐད་དང་ཡི་གེ་བསླབ་པ་ནི་ཀུན་གྱི་གཙོ་བོ་དང་ཐོག་མར་ཡིན་པ་བཤད་མོད།ལྐོག་ཏུ་རང་ཉིད་ཀྱི་ཤ་ལས་སྐྱེས་པའི་བུ་དང་བུ་མོ་མ་ཟད་ཐ་ན་ཉེ་དུ་ཚོའི་བྱིས་པ་དག་ཀྱང་རྒྱ་ཁོག་གི་སློབ་གྲྭ་བཟང་བོ་དག་ལ་བསྐྱལ་དང་སྐྱེལ་བཞིན་ཡོད་པ་རེད།
ཆུ་འགོ་ནས་སྙོག་ན་མཇུག་ནས་དྭངས་མི་སྲིད་ཟེར་བའི་དཔེ་ལྟར་བོད་སྐད་ཡིག་གིས་སློབ་ཁྲིད་གནང་ཁམས་རྣམས་དང་། བོད་ཡིག་གིས་བརྩམས་ཆོས་རྩོམ་པའི་མཁས་པ་ཚོ། ལོ་མང་ལ་བོད་ཡིག་གི་ལ་རྒྱ་བཤད་མཁན། ཐ་ན་བོད་ཡིག་གི་ཞིབ་འཇུག་སློབ་མའི་ཐོབ་ཐང་ཡོད་ལ་བོད་སྐད་ཡིག་གིས་ཟ་མ་ཟ་བའི་ལས་བྱེད་མི་ཉུང་བ་ཞིག་གིས་རང་གི་བུ་ཕྲུག་དག་ལ་ཆུང་དུས་ནས་རྒྱ་སྐད་བསླབས་པ་དང་སྒོར་མང་བོས་འགྲོ་སོང་བཏང་སྟེ་ཆ་རྐྱེན་ཆེས་བཟང་བའི་རྒྱ་ཡིག་སློབ་གྲྭར་འགྲོ་ཐུབ་པའི་རེ་བ་ཆེན་པོ་བཅངས་ཡོད་པ་མ་ཟད། ཁོ་ཚོས་ངོས་འཛིན་དུ་བྱིས་པར་བོད་ཡིག་བསླབ་ཏུ་འཇུག་པ་ནི་བྱིས་པའི་འོད་སྟོང་ལྡན་པའི་མདུན་ལམ་ལ་གནོད་པ་ཚབས་ཆེན་དུ་བརྩིས་ཡོད། ངོས་འཛིན་འདི་ལྟ་བུ་རྒྱ་ཆེའི་དམངས་ཚོགས་ཀྱི་ཁྲོད་དུའང་ཁྱབ་ནས་ཡོད།ངོས་འཛིན་འདི་འགོ་པ་ཚོས་འཚོགས་ཐོག་ནས་སྐད་བཤད་བྱེད་དང་།འོག་གི་དམངས་ཕལ་བ་ཚོ་ལ་བོད་སྐད་ཡིག་བསླབ་ན་མདུན་ལམ་མེད་པའི་སྒྲུབ་བྱེད་དུ་འདྲེན་གྱིན་ཡོད།
ད་ལྟ་ང་ཚོས་དངོས་སུ་ཁས་ལེན་དགོས་པ་ཞིག་ནི་མིག་སྔར་ཕྱི་རྐྱེན་མང་བོ་ཞིག་གིས་བོད་ཡིག་བསླབ་ན་མདུན་ལམ་མེད་པ་འདྲ་བ་བཟོས་འདུག་མོད། ཕྱི་རྐྱེན་དེ་གདུག་རྩུབ་ཆེ་ལ་སྤོབས་སྟོབས་ལྡན་པ་ནི་ང་ཚོ་རང་ཉིད་ཀྱི་ངོས་ནས་ཡོང་གིས་མེད་པས་རེད། སྔོན་ཆད་དགེ་རྒན་ཞིག་གིས་ང་ལ་ང་ཚོ་ཧ་ཅང་སྐྲག་ས་ནི་ཕྱི་ནད་མ་ཡིན་པར་ཁོག་ནད་ཡིན་ཟེར་བ་དེས་ད་ལྟ་ང་ཚོས་བོད་ཡིག་ལ་བཟུང་བའི་གནས་བབ་དེ་མཚོན་མེད་དམ། གནས་བབ་འདི་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་ཧ་ཅང་ངོ་ཚ་ཞིག་ཡིན་མོད། དེ་ལྟའི་བོད་མི་ཚོ་ལ་ཐ་ན་ངོ་ཚ་བའི་སྙིང་སྟོབས་ཀྱང་མེད་པ་འདྲ། འཚོ་གནས་གནས་ལུགས་ཀྱི་ཆོས་ཉིད་གོ་ལྡོག་པའི་ང་ཚོ་མུ་མཐུད་དུ་ནོར་འཁྲུལ་གྱི་ལམ་ནས་ཕྱིར་ལོག་མ་ཤེས་ན་སའི་གོ་ལའི་རྩེ་མོའི་བོད་ཅེས་པའི་མི་རིགས་འདི་ལ་མཇུག་མཐའི་རྫོགས་ཚིག་འབྲི་མཁན་ཕྱི་ནས་ཡོང་བའི་དུག་འབུ་ཞིག་མ་ཡིན་པར་ནང་གི་ནད་འབུ་ཞིག་ཡིན་པ་ངོས་འཛིན་ཤེས་པ་གལ་ཆེའོ།།
མཆོད་མེད་དྲ་བ་ལས་དྲངས།
སློབ་གཞི་དཔེ་དེབ་གསུམ་དབུ་འབྱེད་གནང་ཡོད་པ།
ཟླ་འདིའི་ཚེས་༡༨ ་ཉིན་བལ་ཡུལ་ཁུལ་དུ་རྟེན་གཞི་བྱས་པའི་ཧི་མཱ་ལ་ཡའི་གཞོན་སྐྱེས་དང་།བུད་མེད་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་གི་སློབ་གཞི་དཔེ་དེབ་ཁག་གསུམ་གོང་ཚེས་ཉིན། སློབ་གཉེར་ཁང་དེའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བལ་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད།
སློབ་གཞི་དཔེ་དེབ་དེ་གསུམ་ནི་ཕྲལ་ཀློག་དང་སྦྱོར་སློབ་དེབ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་སློབ་དེབ། རྒྱུན་འདོན་ཕྱོགས་བསྡེབས་ཀྱི་དཔེ་དེབ་བཅས་ཡིན་པ་དང་། བོད་ཀྱི་བརྡ་སྐད་ལ་འཇུག་པའི་སྒོ་གོམ་པ་དང་པོ་སྟེ་ཕྲལ་ཀློག་དང་སྦྱོར་ཀློག་དེབ་ཅེས་པའི་ནང་བསྡོམས་སློབ་ཚན་ཁག་མི་འདྲ་བ་སོ་བརྒྱད་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་སློབ་དེབ་ཅེས་པའི་ནང་སློབ་ཚན་ཁག་མི་འདྲ་བ་ཉེར་གཅིག       དེ་བཞིན་རྒྱུན་འདོན་ཕྱོགས་བསྡེབས་ཞེས་པའི་ནང་རྒྱུན་སྤྱོད་ཀྱི་ཞལ་འདོན་ཁག་ཅིག་བཀོད་ཡོད་པ་དང་དེ་དག་ལས་ཁག་ཅིག་ལ་འགྲེལ་བཤད་དང་། ཁག་ཅིག་གི་ངོ་སྤྲོད་ཡང་ཟུར་དུ་བཀོད་འདུག
གླེང་བརྗོད་ནང་གསལ་བ་ལྟར་ན་སློབ་གཞི་དཔེ་དེབ་དེ་དག་ནི་སློབ་གཉེར་ཁང་དེའི་སློབ་མའི་ཡོང་ཁུངས་དང་དགོས་འདུན་བཅས་གཞིར་བཟུང་སྟེ་སྒྲིག་སྐོར་འཁོད་འདུག་པ་མ་ཟད། ཝ་ཎཱ་མཐོ་རིམ་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆེད་བརྗོད་ཀྱི་ཕྱག་ཡིག་ཅིག་ཀྱང་བསྩལ་འདུག       གོང་གསལ་ཧི་མཱ་ལ་ཡའི་གཞོན་སྐྱེས་དང་བུད་མེད་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་ནི་ཕྱི་ལོ༢༠༠༧ལོར་བལ་ཡུལ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་དུ་ཚུགས་ཡོད་པ་དང་། མི་དམངས་ཀྱིས་དགའ་མོས་དང་སློབ་ཕྲུག་གི་ཁ་གྲངས་ཇེ་མང་དུ་ཕྱིན་པར་བརྟེན། ཕྱི་ལོ་༢༠༠༩ལོར་འཕགས་ཤིང་གི་ཉེ་འགྲམ་དུ་སློབ་གཉེར་ཁང་དེའི་ཡན་ལག་ཅིག་བཙུགས་ཡོད་འདུག
གནས་ཚུལ་ནས་ཤེས་པ་ལྟར་ན་སློབ་གཉེར་ཁང་དེ་ནི་འདས་པའི་ལོ་ཤས་གོང་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་དེ་ངེས་པར་བཙུན་པ་ཕོ་མོ་ཁོ་ན་ཡིན་མི་དགོས་པར། ཁྱིམ་པ་ཕོ་མོ་ཚོས་ཀྱང་དཔེ་ཆར་བལྟས་ནས་ནང་ཆོས་ངེས་ཟིན་པར་བྱས་ཏེ་ཉམས་སུ་ལེན་རྒྱུ་གལ་ཆེ་བའི་ཐུགས་དགོངས་ལྟར་བཙུགས་ཤིང་། སློབ་གཉེར་ཁང་དེའི་སློབ་མའི་ཡོང་ཁུངས་བོད་མིས་གཙོས་ཧི་མཱ་ལ་རྒྱུད་ཀྱི་ཤར་པ་དང་རྟ་མང་སོགས་བོད་བརྒྱུད་ནང་བསྟན་ཉམས་སུ་ལེན་མཁན་གྱི་རིགས་ཡིན་པ་དང་། ལོ་ཚད་ལ་ཁྱད་པར་མེད་པར་རང་ལོ་བཅུ་དྲུག་ནས་བདུན་ཅུ་བར་གྱི་མི་རྒན་སུ་ཕེབས་ཀྱང་གོ་སྐབས་ཡོད་པ་ཞིག་རེད། སློབ་གྲྭ་འདིའི་སྤྱི་ཁྱབ་ངེས་སྟོན་པ་ནི་བོད་མི་དམངས་སྤྱི་འཐུས་ལས་ཐོག་འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས་ཡིན་པ་དང་། གོང་གསལ་སློབ་གཞི་དཔེ་དེབ་དེ་དག་ཀྱང་ཁོང་གིས་བཀོད་སྒྲིག་འོག་བོད་དང་ས་འབྲེལ་མི་རིགས་ཁག་ལ་ཉམས་ཞིབ་ཀྱི་རིགས་གཅིག་རྐང་འཛིན་པ་རྡོ་རྗེ་རིན་ཆེན་གྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་འདུག།
བལ་ཡུལ་གཉན་ཐང་རྩོམ་སྒྲིག་པས།
༣༢༣༢གི་བྱ་ཚིག་སྐོར།
བོད་དགེ་ཟུར་བ་འོད་ཟེར་གྱིས།
སློབ་ཚན་སྔོན་མའི་འཕྲོས།
ཁྱེད་ཀྱིས་༣༢༣༢གི་ཨང་གྲངས་འདི་དག་གི་མཚོན་དོན་ཤེས་སམ། འདི་ནི་བརྩེགས་མའི་བྱ་ཚིག་ནང་གི་རྗེས་འཇུག་ད་ཡིག་འཐོབ་པའི་དུས་གསུམ་སྐོར་ཞིག་གི་སྒོ་འབྱེད་པའི་ལྡེ་མིག་ཡིན། གཟུགས་འགྱུར་ལས་ཚིག་འདི་དག་དུས་གསུམ་བྱེ་བྲག་པའི་ཁོངས་སུ་འདུ་ཞིང་༢༡༣༢དང་༣༢༤༣གི་ལྡེ་མིག་དག་གི་སྒོ་འབྱེད་མི་ཐུབ། རྒྱུ་མཚན་ནི་ད་དང་ས་གཉིས་ནི་ཡང་འཇུག་དང་རྗེས་འཇུག་གཉིས་ཀའི་གོ་ཆོད་པའི་རྒྱུ་མཚན་གྱིས། རྗེས་འཇུག་ས་ཡིག་རྐྱང་པ་ཙམ་མ་ཟད་རྗེས་འཇུག་ད་ཡིག་གི་མཐའ་རུ་ ཡང་འཇུག་མི་འཐོབ་པས་བརྩེགས་མའི་དུས་གསུམ་འདི་དག་གི་འགྲོ་སྟངས་གོང་དང་མི་མཚུངས། དེ་བས་དུས་གསུམ་འདིའི་རིགས་ལས་སླ་བོར་ངེས་ཐབས་ལ་༣༢༣༢གི་ཨང་གྲངས་འདིའི་གོ་རིམ་ལ་བསམ་བློ་བཏང་སྟེ་སྦྱང་ན་རྗེས་འཇུག་ད་ཡིག་འཐོབ་པའི་བརྩེགས་མའི་བྱ་ཚིག་རྣམས་ཀྱི་འགྲོ་སྟངས་གཅིག་མཚུངས་ཡིན།
༣༢༣༢ གི་ཨང་གྲངས་འདི་དག་གི་མཚོན་དོན།
ཨང་གྲངས་༣འདིས་མ་འོངས་པར་སྔོན་འཇུག་དང་མིང་གཞི་རྗེས་འཇུག་གསུམ་ཡོད་པས་མཚོན་རྟགས་ཡིན།
ཨང་གྲངས་༢་འདིས་ད་ལྟ་བར་མིང་གཞི་དང་རྗེས་འཇུག་གཉིས་ཡོད་པས་དེའི་མཚོན་རྟགས་ཡིན།
ཨང་གྲངས་༣་འདིས་འདས་པར་སྔོན་འཇུག་དང་མིང་གཞི། རྗེས་གསུམ་ཡོད་པས་དེའི་མཚོན་དོན་ཡིན།
ཨང་གྲངས་༢འདིས་སྐུལ་ཚིག་ལ་མིང་གཞི་དང་རྗེས་འཇུག་གཉིས་ཡོད་པས་དེའི་མཚོན་དོན་ཡིན།
མདོར་ན། མ་འོངས་པ་དང་འདས་པའི་དག་ཆ་གཅིག་ལ། ད་ལྟ་བ་དང་སྐུལ་ཚིག་གི་དག་ཆ་གཅིག་ཡིན།
མཐའ་རྟེན་ད་ཡི་འཐུས་པའི་སྡེ་ཚན།
ལྡེ་མིག
༣
༢
༣
༢
བྱ་ར།
མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག
དགྲ་སོགས།
བསྐྲད།
སྐྲོད།
བསྐྲད།
སྐྲོད།
རྒྱ་སོགས།
བསྐྱེད།
སྐྱེད།
བསྐྱེད།
སྐྱེད།
སེམས་ནས།
བསྐྱུད།
སྐྱུད།
བསྐྱུད།
སྐྱུད།
གནས་གཞན་དུ།
བསྐྱོད།
སྐྱོད།
བསྐྱོད།
སྐྱོད།
སྐད་ཆ་སོགས།
བསྙད།
སྙོད།
བསྙད།
སྙོད།
རྟ་སོགས།
བརྟད།
རྟོད།
བརྟད།
རྟོད།
སྒ་སོགས།
བསྟད།
སྟོད།
བསྟད།
སྟོད།
ཡོས་སོགས།
བལྡད།
ལྡད།
བལྡད།
ལྡོད།
གནས་སུ།
བསྡད།
སྡོད།
བསྡད།
སྡོད།
རྟ་རྒྱབ་སོགས།
བསྣད།
སྣད།
བསྣད།
སྣོད།
རྩོད་གཞི་སོགས།
བརྩད།
རྩོད།
བརྩད།
རྩོད།
ལས་ཀ་སོགས།
བརྫད།
རྫོད།
བརྫད།
རྫོད།
མུ་འགོད།
འོད་ཟེར་ལ་དྲིས་ལན་དུ་སྤྲིངས་པ།
རྡོ་རྗེ་རིན་ཆེན།
བསིལ་ལྡན་སཱ་ལའི་ལྗོངས་ཆེན་པོར།།
སྨག་ལ་སྒྲོན་མེ་རབ་བཏགས་པ།།
འཇམ་པའི་དབྱངས་གང་ཐོན་མི་ལ།།
སྒོ་གསུམ་དང་བས་ཕྱག་འཚལ་ལོ།།
དེ་ལ་འདིར་བདག་གཞན་གྱི་དབྱེ་བ་འབྱེད་སྐབས་ལས་དང་བྱ་ཡུལ་དོན་གཅིག་ཟེར་བ་དང༌། དེ་གཉིས་སོ་སོར་འབྱེད་དགོས་ཟེར་བ། ཡང་བྱེད་པ་པོ་དང་བྱེད་པ་གང་རུང་ཡོད་ན་རྣམ་དབྱེ་གསུམ་པའི་ཕྲད་འཐོབ་རུང་བ་དང༌། བྱ་ཡུལ་ཡོད་ན་ལ་དོན་གྱི་ཕྲད་འཐོབ་ཟེར་བ་འདིའི་ཐད་ཁྱེད་ལ་དགོངས་ཚུལ་གང་འདྲ་ཡོད་དམ། ཞེས་མཁྱེན་ཡངས་འོད་ཟེར་ལགས་ཀྱིས་ཕྲན་ལ་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་དྲི་བ་གནང་བར། བླུན་པོའི་ཁ་ནས་ལེགས་བཤད་དང་ཆུ་དཀྲོགས་ནས་མར་མི་ཐོན་པའི་དཔེ་བཞིན་རྔོ་ཐོགས་པའི་གཏམ་དུ་བྱ་བ་ཅང་ཞུ་རྒྱུ་མ་མཆིས་མོད། ཀི་ལ་ཀི་ལན་ཞེས་པའི་དཔེ་ལྟར་དྲི་བར་དྲིས་ལན་རེ་མ་བཏབ་ན་དེ་ཡང་ཡ་རབས་ཀྱི་ལུགས་དང་འགལ་བར་དོགས་ནས་རྨོངས་འཆར་ཙམ་ཞིག་ལན་དུ་ལྡོན་པ་ལ། དང་བོ་བདག་གཞན་གྱི་དབྱེ་བ་འབྱེད་སྐབས་ལས་དང་བྱ་ཡུལ་དོན་གཅིག་ཟེར་བ་ཞེས་པ་དེ། དབྱངས་ཅན་གྲུབ་པའི་རྡོ་རྗེའི་གཞུང་དངོས་ཀྱི་ཚིག་ཟིན་ལྟར་ན། བདག་གཞན་གྱི་དབྱེ་བ་འབྱེད་སྐབས་ལས་དང་བྱ་ཡུལ་དོན་གཅིག་ཟེར་བ་མིན་པ་འདྲ། དེ་ནི་མིང་མཐའ་ཉིད་ཀྱིས་རྟགས་མཚུངས་དང་སྒྲ་མཐུན། རྣམ་དབྱེ་འདྲེན་པ་དང༌། རྣམ་དབྱེ་དང་པོ་ནས་གཉིས་པ་སོགས་རེ་རེ་ནས་ཇི་ལྟར་ཡིན་མིན་འགྲེལ་སྐབས། དེ་ཡང་ཆོས་རྣམས་ངོ་བོ་ཙམ། །བརྗོད་པ་རྣམ་དབྱེ་དང་པོ་སྟེ། །དཔེར་ན་བུམ་པ་ཀ་བ་བཞིན། །གསལ་བྱེད་བོད་ཀྱི་སྐད་ལ་ཉུང༌། །ལས་དང་བྱ་ཡུལ་དོན་གཅིག་སྟེ། །དེ་ལྟའི་བྱ་བའི་ཡུལ་ཞིག་ལ། །བྱ་བ་བྱས་པར་སྟོན་པ་ལ། །གཉིས་པ་ལས་སུ་བྱ་བ་དང༌། ། ཞེས་གསལ་བ་འདིས་ལས་དང་བྱ་ཡུལ་དོན་གཅིག་ཅེས་པ་དེ། རྣམ་དབྱེ་དང་བདག་གཞན་གང་གི་སྐབས་ལ་གཙོ་བོར་གསུངས་མིན་ཞིབ་ཏུ་རྟོགས་ནུས།
འོན་ཀྱང་སྐབས་འདིར་བསྟན་གྱི་ལས་དང་བྱ་ཡུལ་དོན་གཅིག་ཅེས་པ་དེ་བདག་གཞན་གྱི་སྐབས་སུ་སྦྱོར་མི་རུང་བ་ཅི་ཡིན་ཞེ་ན། དེ་དག་ནི་རྟ་མོག་མོག་གི་སྤུ་དང་རྩྭ་ཀུ་ཤའི་རྩེ་མོ་ལྟར་མ་འདྲེས་ཤིང་སོ་སོར་ཞིབ་བརྗོད་དཀའ་ནའང༌། ལས་དང་བྱ་ཡུལ་དོན་གཅིག་ཅེས་པ་དེ་རྣམ་དབྱེའི་སྐབས་སམ། བདག་གཞན་གྱི་དབྱེ་བ་གང་གི་སྐབས་ཀྱང་དོན་ལ་མི་འབྱོར་བ་ཞིག་ཡིན་པ་གསལ་བོར་ཤེས་ནུས། དེ་ཡང་དཔེར་ན། ནད་པར་སྨན་སྦྱིན་ལྟ་བུའི་རྣམ་དབྱེར་མཚོན་ན། ནད་པ་ནི་བྱ་བའི་ཡུལ་དང༌།  སྨན་ནི་བྱ་བའི་ལས་ཡིན། དཔེ་དེ་བཞིན་བཀྲ་ཤིས་ཤར་ཕྱོགས་སུ་སོང༌། ཞེས་པ་ལྟ་བུར་མཚོན་ན། ཤར་ཕྱོགས་དེ་བཀྲ་ཤིས་ཀྱི་བྱ་བའི་ཡུལ་དང༌། བཀྲ་ཤིས་ཤར་ཕྱོགས་ལ་འགྲོ་དགོས་པའི་དོན་དེ་བཀྲ་ཤིས་ཀྱི་བྱ་བའི་ལས་ཡིན་པར་བརྟེན་དེ་གཉིས་གཞི་གཅིག་ཏུ་བསྲེས་ན་མི་རིགས་པར་སྙམ།
སློབ་གྲྭའི་ཞོགས་པ།
སྔོ་ལྗང་རྩྭ་ལོས་མུ་ཏིག་རྒྱན་ཆ་སྤྲས།།
ལྗོན་ཤིང་ཡལ་གས་ཡིད་འཕྲོག་བྲོ་གར་འཁྲབ།།
བྱེའུ་ཆུང་སྐྱིད་པའི་གླུ་དབྱངས་ཀྱུར་ཀྱུར་སྒྲོག །
ཞོགས་པའི་ཁ་དབུགས་སློབ་གླིང་འདི་ལ་ཁྱབ།།
ཁྱིམ་ཚང་སོ་སོའི་སྒོ་དང་སྒེའུ་ཁུང་ལས།།
བྱིས་པས་ཀློག་འདོན་བྱེད་པའི་དབྱངས་རྟ་ནི།།
ཐོས་འཛིན་ལམ་དུ་ཡང་ཡང་གྲགས་པ་སྟེ། །
འདི་ཡིས་སློབ་གྲྭའི་ཞོགས་པར་ཚེ་སྲོག་སྦྱིན།།
གད་རེས་སློབ་མས་འཛིན་གྲྭའི་ཁོར་ཡུག་དང་།།
སྒོ་དང་སྒེའུ་ཁུང་ཕྱག་བདར་བྱེད་བཞིན་དུ།།
ཡོན་ཆབ་གདུག་སྤོས་བཤམས་ནས་སྐྱབས་འགྲོའི་ཚིག །
ངག་ནས་ལྷང་ལྷང་སྐྱོར་བའི་ངང་ཚུལ་མཛེས། །
ཞོགས་པའི་ཅོང་བརྡ་སིང་སིང་གྲགས་མ་ཐག །
སྒྲིག་ཆས་སྔོ་ཁྲ་གྱོན་པའི་སློབ་བུའི་ཚོགས།།
དཔེ་ཁུག་རྒྱབ་ལ་ཁུར་ནས་དགའ་སྤྲོའི་ངང་། །
སྦྲང་མ་ཚང་ལ་ཆས་བཞིན་འཛིན་ཁང་སྙེག །
ལས་ཤག་རེ་རེ་ལས་ཐོན་དགེ་རྒན་རྣམས། །
རང་ལ་འཚམ་པའི་གཟབ་ཆས་ཡོངས་སྤྲས་ནས།།
དེབ་དང་ལྟོ་ཕད་བསྣབས་ནས་འཛིན་ཁང་དུ ། །
བྲེལ་བྲེལ་ངང་ལ་འགྲོ་བའི་ཚུལ་ཡང་མཐོང། །
རྐང་འཐུང་གཞོན་ནུའི་རྩ་བ་མ་ཚུགས་གོང་། །
རྩྭ་ལྡུམ་མང་པོས་སྲོག་ལ་རྒོལ་པའི་ཚུལ། །
མཐོང་བས་མ་བཟོད་རྒན་པོ་ཀ་ཏ་སེང་། །
ཟོར་བ་ཐོགས་ནས་རྩྭ་ཡན་འགོག་ལ་བརྩོན། །
ཁོར་ཡུག་མཛེས་པའི་ཤེས་རིག་སློབ་གླིང་འདི།།
རྒྱ་གར་བྱང་ལ་གནས་པའི་སེ་ལ་ཀུའེ།།
བོད་ཀྱི་སྐད་ལ་དྭངས་བསིལ་ཁྲོན་པ་ཟེར། །
ཉིས་སྟོང་བཞི་ནི་འདི་ཡི་འཁྲུངས་སྐར་ཡིན། །
སློབ་གཞི་དང་བསླབ་གཞིའི་དོགས་སློང༌།
བོད་དུ་སློབ་ཆུང་འགྲིམ་སྐབས་ཞིང་ཆེན་དང་ལྗོངས་ལྔའི་མཉམ་སྒྲིག་སློབ་གཞི་ཞེས་པའི་དེབ་ཅིག་ལ་ལྟ་ཀློག་བྱས་པ་དྲན་སོས་པ་དང༌། དེ་བཞིན་བྱང་ཆུབ་ཆོས་འཕེལ་གྱིས་རྩོམ་སྒྲིག་བྱས་པའི་བོད་ཡིག་བསྐྱར་སྦྱོང་ནང་དོན་ཕྱོགས་བཏུས་ཞེས་པའི་དམའ་འབྲིང་གི་སློབ་དེབ་ཅིག་ལའང་ལྟ་ཀློག་བྱས་པ་དྲན་གྱིན་འདུག
འདིར་ཤོད་འདོད་པའི་སྙིང་པོ་ནི་ཀློག་དེབ་དེ་དག་གི་ཁྲོད་སློབ་གཞི་ཞེས་པའི་ཡིག་འབྲུ་འདི་གཉིས་ངའི་མིག་ལམ་ན་ད་དུང་གཟུགས་ཅན་བཞིན་སྣང་བ་དང༌། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་གསར་བ་དང་འབྲེལ་ནས་ཡིག་ཆ་ཁག་ཏུ་བསླབ་གཞི་ཞེས་ཐོན་བཞིན་པ་མ་ཟད། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འདོན་སྤེལ་བྱས་པའི་སྔོན་འགྲོ་དང་གཞི་རིམ་འོག་མའི་ཤེས་ཡོན་སྲིད་བྱུས་རྩ་འཛིན་ཡིག་ཆའི་སྟེང་དུའང༌། སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞི་རྩ་འཛིན་ཞེས་འཁོད་འདུག་པ་དེ་གཉིས་ང་ལ་མཚོན་ན་དོགས་གནས་ཤིག་ཡིན་པ་ཟད། བོད་ཕྱི་ནང་གཉིས་ཀྱི་མིང་ཚིག་ཁ་གྱེས་སྟངས་ཤིག་ཀྱང་རེད།
སྔོན་ཆད་ངེད་ནས་ལོག་སྒྲུབ་ལྒང་བུ་དབུག་པའི་གཙགས་བུ་ཞེས་པའི་རྩོམ་བྱང་ཞིག་མཐོང་མྱོང༌། རྩོམ་བྱང་དེའི་ཐོག་དོ་བདག་དང་ཐད་ཀར་བགྲོ་གླེང་བྱས་ཀྱང་སྐབས་ཐོག་ཏུ་གྲུབ་འབྲས་ཅང་མ་ཐོན། ལོ་ཤས་རྗེས་ནས་ཁོང་གིས་དེ་ཁྱེད་རང་བདེན་འདུག་ཅེས་ང་ལ་བདེན་ཁ་ཕྱིན་མྱོང༌། ད་རེས་སྔོན་གྱི་རྩོམ་བྱང་དེ་མཚན་གཞིར་བྱས་ཏེ་སློབ་གཞི་དང་བསླབ་གཞི་གང་ཞིག་དོན་ལ་འབྱོར་མིན་སྐོར་བསམ་འཆར་ཐུང་ངུ་ཞིག་བརྗོད་པར་འདོད།
དེ་ཡང་རང་རེའི་མི་རིགས་འདིར་ཡང་གནའ་ནས་བརྡ་སྤྲོད་ཀྱི་སྐད་ཡིག་རང་ཆས་སུ་ཡོད་པ་དང༌། ཕྱིས་བརྡ་སྤྲོད་ཀྱི་གཞུང་ལུགས་གཏན་འབེབས་བྱས་པ་ནས། ཡི་གེ་གང་ཞིག་བྲིས་ཀྱང་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་དགོས་པར་སྣང༌། ལོག་སྒྲུབ་ལྒང་བུ་དབུག་པའི་གཙགས་བུ་ལྟ་བུར་མཚོན་ནའང་བྱ་བྱེད་ལས་གསུམ་དང་དངོས་པོ་བདག་གཞན་གྱིས་བསྡུས་དགོས། དཔེར་ན། ལོག་སྒྲུབ་ལྒང་བུ་དབུག་པའི་གཙགས་བུ་ཞེས་པ་འདིའི་ནང་གི་བྱ་བའི་ལས་ནི་ལོག་སྒྲུབ་ལྒང་བུ་ཡིན་པ་དང༌། འབིགས་མཁན་གང་ཟག་དེ་བྱེད་པ་པོ་དང༌། འབིགས་བྱེད་གཙགས་བུ་བྱེད་པ། འབིགས་པ་བྱ་བ་ཡིན་པ་རེད། དེ་བཞིན་འབིགས་མཁན་དང་འབིགས་བྱེད་གཙགས་བུ་གཉིས་དངོས་པོ་བདག་དང༌། དབུག་བྱའི་ལོག་སྒྲུབ་ལྒང་བུ་ནི་དངོས་པོ་གཞན་ཡིན།
རྩ་བར་སྔོན་འཇུག་སྐབས་སུ་མཁན་པོས་མོ་ནི་བདག་ད་ཞེས་པའི་བདག་སྒྲས་སྔོན་འཇུག་གི་མོ་འ་ཡིག་དེ་དངོས་པོ་བདག་གཞན་གཉིས་ལས་བདག་ལ་འཇུག་པ་གསལ་བོར་བསྟན་པ་དང༌། དངོས་པོ་བདག་སྟོན་བྱེད་ཀྱི་ལས་ཚིག་ཡིན་ན་དུས་ལྟ་བ་ཡིན་པའི་ཁྱབ་པ་ངེས་པས་ན། ལོག་སྒྲུབ་ལྒང་བུ་དབུག་པའི་གཙགས་བུ་ཞེས་མི་ཟེར་བར། ལོག་སྒྲུབ་ལྒང་བུ་འབིག་པའི་གཙགས་བུ་ཞེས་ཟེར་དགོས་པ་ཡིན།
དཔེ་དེ་བཞིན་དུ་དགེ་རྒན་གྱིས་སློབ་མར་སློབ་དེབ་སྟེང་སློབ་ཁྲིད་བྱས་ལྟ་བུར་བྱ་བྱེད་ལས་གསུམ་དགར་ཚེ། སློབ་མཁན་དགེ་རྒན་བྱེད་པ་པོ་དང༌། སློབ་བྱེད་ཀྱི་སློབ་དེབ་བྱེད་པ། བསླབ་པར་བྱ་བའི་ཡུལ་གྱི་སློབ་མ་བྱ་ཡུལ། བསླབ་བྱའི་སློབ་ཁྲིད་བྱ་བའི་ལས་དང༌། སློབ་མཁན་དགེ་རྒན་དང་སློབ་བྱེད་ཀྱི་སློབ་དེབ་གཉིས་དངོས་པོ་བདག  བསླབ་བྱའི་ཡུལ་དང་བསླབ་བྱ་གཉིས་དངོས་པོ་གཞན་ཡིན།
ཡིག་མཁན་ཞིག་ལ་མཚོན་ན། ཡིག་མཁན་རང་ཉིད་བྱེད་པ་པོ་དང་འབྲི་བྱེད་སྙུ་གུ་བྱེད་པ་ཡིན། ཡིག་མཁན་གྱིས་སྙུ་གུ་སྤྱད་དེས་བྱ་བའི་ལས་ཡི་གེ་བྲིས་པ་དང༌། སློབ་མཁན་དགེ་རྒན་གྱིས་སློབ་གཞི་དཔེ་དེབ་སྤྱད་ནས་བསླབ་བྱའི་སློབ་ཚན་བསླབས་པ་གཉིས་རིགས་འགྲེ་ཞིང༌། འབྲི་མཁན་དང་སློབ་མཁན་གཉིས་དངོས་པོ་བདག་དང༌། འབྲི་བྱེད་དང་སློབ་བྱེད་གཉིས་ཀྱང་དངོས་པོ་བདག་ཡིན།
དེ་ལྟ་ན་མཁན་པོས་རྩ་བར་ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར་ཞེས་སྔོན་འཇུག་གི་ཕོ་བ་ཡིག་དེ་དངོས་པོ་བདག་གཞན་གཉིས་ལས་གཞན་ལ་འཇུག་པ་དམིགས་ཀྱིས་བཀར་བའང་དགོས་པ་དེ་ལྟར་ཡིན་པར་སྙམ།
མདོར་བསྡུས་ན་བསླབ་ཡུལ་སློབ་མར་བསླབ་བྱའི་རིག་གནས་ཇི་ལྟར་སློབ་དགོས་མིན་རྩ་འཛིན་མཁན་དེ་དགེ་རྒན་དང་འཛིན་བྱེད་དེ་སློབ་གཞི་ཡིན་ཞིང༌། སློབ་གཞི་དེ་སློབ་མཁན་དགེ་རྒན་གྱི་སློབ་བྱེད་ཡིན་པར་བརྟེན་བདག་གཞན་གཉིས་ལས་དངོས་པོ་བདག་ཡིན་དགོས་པ་ཡང་དེ་ལྟར་རེད།
ཡང་གཅིག་བཤད་ན་བསླབ་ཡུལ་སློབ་མར་ལྟོས་ཏེ་སློབ་མཁན་དགེ་རྒན་གྱིས་བསླབ་བྱའི་གནས་གང་ཞིག་ཇི་ལྟར་སློབ་པར་བྱེད་པའི་གཞི་འཛིན་ས་ལ་སློབ་གཞི་ཞེས་བསྙད། སྐབས་འདིར་བསྟན་གྱི་གཞི་ནི་གནས་སམ་རྩ་བའམ་ངོ་མའི་དོན་ཡིན། དཔེར་ན་གཞི་དེབ་ཅེས་པ་མ་དེབ་ལ་གོ་བ་ལྟར་རོ། །
ཐུགས་གསོའི་འཚམ་འཕྲིན།
ཟླ་འདིའི་ཚེས་ ༨ ཉིན་མདོ་སྨད་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་ཐོག་ཏུ་རི་ཉིལ་འདམ་ལུད་ཀྱི་དོན་རྐྱེན་ཆེན་པོ་ཞིག་བྱུང་སྟེ། མི་ ༧༠༠ ལྷག་འདས་གྲོངས་དང་མི་ ༡༠༠༠ ལྷག་བོར་བརླག མི་ ༥༠༠༠༠ ལྷག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཕྱི་ཚེས་ ༡༠ ཉིན་རོང་ཆེན་བསྟན་པའི་སྒྲོན་མེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཐུགས་གསོའི་འཚམ་འཕྲིན་བསྐུར་གནང་མཛད་ཡོད།
༄༅།། མཛའ་ཞིང་བརྩེ་བའི་སྤུན་གྲོགས་འབྲུག་ཆུ་རྫོང་གི་སེར་སྐྱ་མི་མང་ལྷན་རྒྱས་ལ་གསོལ་རྒྱུར།
ད་ལམ་ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་གྱི་ཞོགས་པར་སྔོན་བསགས་ལས་ངན་འབྲས་བུ་དུས་སུ་སྨིན་པས་ཐེ་སྨད་རྒྱུད་ཀྱི་འབྲུག་ཆུ་རྫོང་དུ་གློ་བུར་དུ་ཆུ་ལོག་གི་རྐྱེན་ངན་ཟློག་ཏུ་མེད་པས་རྒྱ་བོད་སྤུན་ཟླ་མང་པོ་ཕྱི་མའི་ལྔ་ལམ་དུ་གྱུར་པ་དང༌། སྒོ་ཕྱུགས་སེམས་ཅན་གྱིས་མཚོན་ཁང་ས་ཞིང་སོགས་རྒྱུ་དངོས་ཀྱི་གྱོང་གུད་ཚད་ལས་བརྒལ་བ་ཕོགས་པའི་ཤུལ་ལུས་རྣམས་སྡུག་བསྔལ་གྱི་ཚོར་བ་དྲག་པོས་གནོན་བཞིན་པའི་གནས་ཚུལ་གོ་མ་ཐག་བློ་ཕམ་ཚད་མེད་བྱུང༌། ཁྱེད་ཅག་དང་སྐྱིད་སྡུག་མཉམ་སྤྱོད་བྱེད་འདོད་ནའང་ལས་དབང་ཟློག་ཏུ་མེད་པས་ཡུལ་ས་ཁད་ཀྱིས་བསྐལ་པ་སོགས་རྐྱེན་ངན་སྣ་ཚོགས་པའི་གཞན་དབང་དུ་གྱུར་པས་སེམས་གསོ་གཏོང་རྒྱུ་ཙམ་ལས་དངོས་སུ་ཕན་ཐོགས་བྱེད་ཐུབ་པའི་གོ་སྐབས་བྲལ།
འདི་ནས་འབྲུག་ཆུ་རྫོང་གི་གནས་ཚུལ་གོ་མ་ཐག་རྒྱ་བོད་འདས་གསོན་རྣམས་ཀྱི་ཆེད་ལམ་སང་མཆོད་མེ་བརྒྱ་མཆོད་འགའ་ཤས་འབུལ་བཤམས་དང་འབྲེལ་འདས་པོ་རྣམས་ལ་བསྔོ་བ་སྨོན་ལམ་དང་ཤུལ་ལུས་ཚོར་སྐུ་རིམ་གསུང་དུ་བཅུག ྋསྐྱབས་ཡུལ་གོང་མ་རྣམས་ལ་བསྔོ་རྟེན་ཕུལ་བ་དང༌། གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་གསེར་སྐོང་སྒྲོན་འབུལ། ལྷག་པར་གནས་མཆོག་རྡོ་རྗེ་གདན་དང༌། གནས་ཆེན་ཝ་ར་ཎ་སིར་སྟོང་མཆོད་འབུལ་རྒྱུ་སོགས་ཀྱིས་མཚོན་དགེ་སྒྲུབ་གང་ཐུབ་བྱས་པའི་མཐུས་ཁྱེད་ཅག་སྡུག་བསྔལ་ལས་མྱུར་དུ་གྲོལ་བའི་རེ་སྨོན་ཞུ་བཞིན་ཡོད།
ཁྱེད་ཅག་ཤུལ་ལུས་རྣམས་ཀྱིས་སྡུག་བསྔལ་ལ་བཟོད་བསྲན་གྱིས་སྙིང་སྟོབས་ཆེན་པོས་དོན་དམ་པའི་འཆམ་མཐུན་གྱི་ལས་ལ་བརྩོན་ཏེ་ཁྱིམ་ཚང་བསྐྱར་འཛུགས་ཀྱིས་མཚོན་འབད་བརྩོན་ལྷོད་མེད་བྱས་ན་བྱ་བ་ལམ་ལྷོང་ཡོང་བར་ངོས་ནས་གསོལ་འདེབས་གང་ཤེས་རྒྱུན་བསྲིང་ཞུ་བཞིན་ཡོད་ལགས་ན།
དེ་གའི་འབྲེལ་ཡོད་དང་ཐག་ཉེ་འབྲེལ་མཚུངས་སེར་སྐྱ་ཀུན་ནས་སྡུག་བསྔལ་གྱིས་མནར་བཞིན་པའི་ཤུལ་ལུས་འདི་དག་ལ་སྙིང་རྗེའི་བསམ་པས་ཀུན་ནས་བསླངས་ཏེ་རོགས་མགོན་གང་ཐུབ་གནང་དང་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ་རོགས་སྐྱོར་གནང་བ་ལས་ལྷག་པའི་འདི་ཕྱིའི་དོན་ཆེན་བསྒྲུབ་རྒྱུ་མེད་པས། ད་དུང་ཡང་མུ་མཐུད་རོགས་རམ་ཡོང་བའི་རེ་སྐུལ་ཞུ་བ་དང་ཆབས་ཅིག་བསླུ་མེད་མཆོག་གསུམ་རྒྱ་མཚོར་ཁྱེད་ཅག་གི་བྱ་བ་ལམ་ལྷོང་ཡོང་བའི་གསོལ་འདེབས་ཤུགས་དྲག་ཞུ། རྒྱ་གར་འཕགས་ཡུལ་ནས་འབྲས་རོང་པོ་ཆོས་རྗེའམ་ཀིརྟི་སྤྲུལ་མིང་འཛིན་པ་བློ་བཟང་བསྟན་འཛིན་པས། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ལ་ཕུལ།
༢༡༣༢ གི་བྱ་ཚིག་སྐོར་ཅིག
སློབ་ཁྲིད་སྔོན་མའི་འཕྲོས།
ཁྱེད་ཀྱིས་༢༡༣༢གི་ཨང་གྲངས་འདི་དག་གི་མཚོན་དོན་ལ་ཉམས་ཞིབ་གནང་མྱོང་ངམ། འདི་ནི་བརྩེགས་མའི་བྱ་ཚིག་ནང་གི་རྗེས་འཇུག་ས་ཡིག་འཐོབ་པའི་དུས་གསུམ་སྐོར་ཞིག་གི་སྒོ་འབྱེད་པའི་ལྡེ་མིག་ཡིན། གཟུགས་འགྱུར་ལས་ཚིག་འདི་དག་དུས་གསུམ་བྱེ་བྲག་པའི་ཁོངས་སུ་འདུ་ཞིང་༣༢༤༣གི་ལྡེ་མིག་གི་སྒོ་འབྱེད་མི་ཐུབ། རྒྱུ་མཚན་ནི་ད་དང་ས་གཉིས་ནི་ཡང་འཇུག་དང་རྗེས་འཇུག་གཉིས་ཀའི་གོ་ཆོད་པའི་རྒྱུ་མཚན་གྱིས། རྗེས་འཇུག་ས་ཡིག་རྐྱང་པ་ལས་ཡང་འཇུག་མི་འཐོབ། དེ་བས་དུས་གསུམ་འདིའི་རིགས་ལས་སླ་བོར་ངེས་ཐབས་ལ་༢༡༣༢གི་ཨང་གྲངས་འདིའི་གོ་རིམ་ལ་བསམ་བློ་བཏང་སྟེ་སྦྱང་ན་བོད་ཀྱི་བྱ་ཚིག་ནི་དཀའ་ལས་ཁག་པོ་ཞིག་རྩ་བ་ནས་མིན།
༢༡༣༢ གི་ཨང་གྲངས་འདི་དག་གི་མཚོན་དོན།
ཨང་གྲངས་༢་འདིས་མ་འོངས་པར་སྔོན་འཇུག་དང་མིང་གཞི་གཉིས་ཡོད་པས་མཚོན་རྟགས་ཡིན།
ཨང་གྲངས་༡་འདིས་ད་ལྟ་བར་མིང་གཞི་རྐྱང་པ་གཅིག་ཁོ་ན་ཡོད་པས་དེའི་མཚོན་རྟགས་ཡིན།
ཨང་གྲངས་༣་འདིས་འདས་པར་སྔོན་འཇུག་དང་མིང་གཞི། རྗེས་གསུམ་ཡོད་པས་དེའི་མཚོན་དོན་ཡིན།
ཨང་གྲངས་༢འདིས་སྐུལ་ཚིག་ལ་མིང་གཞི་དང་རྗེས་འཇུག་གཉིས་ཡོད་པས་དེའི་མཚོན་དོན་ཡིན།
རྗེས་འཇུག་ས་ཡི་སྡེ་ཚན།
ལྡེ་མིག
༢
༡
༣
༢
བྱ་ར།
མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག
འགན་བདག་སོཊ།
བསྐོ།
སྐོ།
བསྐོས།
སྐོས།
སྣུམ་སོགས།
བསྐུ།
སྐུ།
བསྐུས།
སྐུས།
གཞན་ནོར་སོགས།
བསྐྱི།
སྐྱི།
བསྐྱིས།
སྐྱིས།
རྒྱུ་ནོར་སོགས།
བརྐུ།
རྐུ།
བརྐུས།
རྐུས།
ས་སོགས།
བརྐོ།
རྐོ།
བརྐོས།
རྐོས།
གནས་སུ།
བསྐྱ།
སྐྱ།
བསྐྱས།
སྐྱོས།
ཤིང༌།
བསྐྲུ།
སྐྲུ།
བསྐྲུས།
སྐྲུས།
ཕྲེང་བ་སོགས།
བརྒྱུ།
རྒྱུ།
བརྒྱུས།
རྒྱུས།
འཁྲིག་སྤྱོད།
བརྒྱོ
རྒྱོ
བརྒྱོས།
རྒྱོས།
ན་ཚ་སོགས།
བསྒོ།
སྒོ།
བསྒོས།
སྒོས།
ཆོས་མཚུངས་སོཊ།
བསྒྲེ།
སྒྲེ།
བསྒྲེས།
སྒྲེས།
བཙས་མ་སོགས།
བརྔ།
རྔ།
བརྔས།
རྔས།
ཡོས་སོགས།
བརྔོ།
རྔོ།
བརྔོས།
རྔོས།
དགེ་བ་སོགས།
བསྔོ།
སྔོ།
བསྔོས།
སྔོས།
ཅ་ལག་སོགས།
བརྗེ།
རྗེ།
བརྗེས།
རྗེས།
རྒྱབ་འབོལ་སོཊ་ལ
བསྙེ།
སྙེ།
བསྙེས།
སྙེས།
མིག་གིས།
བལྟ།
ལྟ།
བལྟས།
ལྟོས།
དགྲ་ལ་སྲོག་དང༌།
བསྡོ།
སྡོ།
བསྡོས།
སྡོས།
གྲོ་ཞིབ་སོགས།
བསྣོ།
སྣོ།
བསྣོས།
སྣོས།
རྩེད་མོ་སོགས།
བརྩེ།
རྩེ།
བརྩེས།
རྩེས།
གྲངས་ཀ
བརྩི།
རྩི།
བརྩིས།
རྩིས།
གྲོ་ཞིབ་སོགས།
བརྫི།
རྫི།
བརྫིས།
རྫིས།
རྣམ་པ་སོགས།
བརྫུ།
རྫུ།
བརྫུས།
རྫུས།
ཕུ་ཐུང་སོགས།
བརྫེ།
རྫེ།
བརྫེས།
རྫེས།
མུ་འགོད་བྱ་རྒྱུ།
སློབ་གསེང་སྐབས་ཀྱི་རྒུམ་བུ།
ནང་སྦྱོང༌།
དགེ་སློབ་གཉིས་ཀྱི་བར་ན། བྱ་བ་ཆུང་ཆུང་ཞིག་འདྲ་ཡང་ཆེན་པོ་ཞིག ལས་ཀ་ཉུང་ཉུང་ཞིག་འདྲ་ཡང་མང་པོ་ཞིག ཁུར་བོ་ཡང་མོ་ཞིག་འདྲ་ཡང་ལྕི་མོ་ཞིག
དགེ་རྒན་དང་སློབ་མ།
དགེ་རྒན་ཞིག་ལ་མཚོན་ན། ངེས་དཀའ་བ་རང་གི་སློབ་མའི་མིང་དང༌། བརྗེད་དཀའ་བའང་རང་གི་སློབ་མའི་མིང་ལགས་ན། སློབ་མའི་མིང་ནི་ཐོག་མར་ངེས་དཀའ་ལ། མཐའ་མར་བརྗེད་དཀའ་བ་ཞིག་རེད།
སློབ་གྲྭ།
སློབ་ཕྲུག་གིས་དགེ་རྒན་ངན་ལང་ལ་གཏོང་བ་དང༌། དགེ་རྒན་གྱིས་སློབ་མ་སྐྱག་ལང་ལ་གཏོང་བའི་སྐབས་ནི། སློབ་གྲྭ་ཞིག་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་རེད།