གཅན་མེ་སྟག
མེང་ནྰ་ལིས་ཧྲ། ཨང་རྟགས་779ཅན་གྱི་ལོ་ཧྥུ་ཕོ་བྲང་གི་རྩ་ཆེའི་ནོར་བུ། ཏྰ་ཧྥིན་ཆིས་བྲིས་པའི་མིའི་རིགས་སྒྱུ་རྩལ་བརྩམས་ཆོས་ཁྲོད་ཀྱི་ཆེས་སྐད་གྲགས་ཆོད་པའི་རི་མོ ལོ་ངོ་ལྔ་བརྒྱའི་ཡུན་ལ་མི་ཡལ་བའི་འཛུམ་མདངས་ཤིག་གི་བསླུ་བྲིད།
འཕྱོར་སྒེག་རས་ཤམ་གྱི་གོང་ཤར་བྲང་ནས་སྒྲོག་ཅིང་། དུས་དར་མཐོ་རིམ་པའི་སྐྲ་རྒྱན་མགོ་རུ་སྤྲས་ལ། འཇིལ་ལེར་དཔྱངས་པའི་སྐྲ་ལོ་ཕྲག་གོང་དུ་ཕབས་པའི་མེང་ནྰ་ལིས་ཧྲ་ནི་ལུས་གཟུགས་གཞོན་ཤ་དར་ཞིང་། འཁུར་ཚོས་དམར་མདངས་རྒྱས་པ། འཕྱོར་ཉམས་ལྷོད་ཀྱིས་མངོན་ཞིང་། ལྕུག་ལྡན་འཛུམ་གྱིས་འོངས་པའི་ངང་དུ་གནས་ཏེ། བབ་ཆགས་ནེམ་གྱིས་སྡོད་ལ་བསླུ་བྲིད་རྐང་ནས་འཛིན་པའི་ལུས་ཉམས་དང་། ཟོལ་མེད་གདོང་ལས་མཐོང་ཞིང་གཡོ་འཁྲིད་མིག་ལས་མཆེད་པའི་རྣམ་འགྱུར། ཁེངས་པ་ཕྲག་ཏུ་དཔྱངས་ལ་ཆགས་འགུགས་འཛུམ་གྱིས་འབྲིད་པའི་རེས་མངོན་རེས་ཡིབ་ཀྱི་དགོད་ཉམས་དེས། མིའི་རིགས་ཀྱི་དོགས་ཚོམ་དང་བག་ལ་ཉལ་གྱི་ཤེས་པ་གཏིང་ནས་སྔོགས་པའི་ཁྱད་ཆོས་མངོན།
4×10meters
སེ་ལ་ཀུའི་བོད་ཁྱིམ་ཀྱི་འཛིན་གྲྭ་ནང་ཁུལ་འགྲན་བསྡུར་སྐབས་ཨང་དང་པོ་སོན་པའི་རི་མོ་༼mcqueen༽ཞེས་པ་འདི། འཛིན་གྲྭ་བདུན་པའི་སློབ་ཕྲུག་ཡོངས་ནས་བཟོས་པ་ཞིག་ཡིན་ལ། རི་མོ་འདི་ནི་ཆུ་ཚོན་དང་སྣུམ་ཚོན་སོགས་བེད་སྤྱོད་མ་བཏང་བར་ཕན་མེད་ཀྱི་གད་སྙིགས་ཁོ་ན་སྤྱད་ནས་བཟོས་པ་ཞིག་ཡིན།
རི་མོའི་རྒྱུ་ཆ།་་་་་་་་་་་་kurkure དང། chips དེ་བཞིན། Juice བཅསཀྱི་པགས་པ་ཡིན།
རི་མོའི་ཆེ་ཆུང། meter 4×10 ཡིན།
སློབ་བུ་ཕུན་ཚོགས་ཡོན་ཏན་ལགས་ཀྱིས་བྲིས་པའི་རི་མོ།
ཡིག་མཛོད་འདིའི་ནང་དུ་ད་དུང་རྩོམ་གསར་བ་མེད།
མཆན་མང་ཤོས་ཀྱི་རྩོམ།