—(འཇར་པན)ཙའོ་ཙཱའོ་མུའུ་ཏ་ཧྲན།
སྐྱེས་པ་ཞིག་འཚབ་འཚུབ་ངང་ཡེ་ཤུའི་ཆོས་དཔོན་གྱི་མདུན་དུ་བརྒྱུགས་འོངས་ཏེ“ མི་གསོད་ལག་དམར་ངོ་མ་ཁོ་ཡིན” ཞེས་འགྱོད་བཤགས་བྱས། དེ་ལྟར་འགྱོད་བཤགས་བྱས་པས་ཆོས་པ་དེ་ག་བྱེད་འདི་བྱེད་མེད་པའི་གནས་ལ་བསྐྱལ།
སྐྱེས་པ་དེས་མི་གསོད་གྱོད་དོན་ཞིག་གི་ཁྲོད་དུ་མི་བསད་པའི་བརྒྱུད་རིམ་བཤད་བྱུང༌། ཡིན་ཡང་གྱོན་དོན་དེ་བྱུང་རྗེས་དོགས་གཞི་ཡོད་པའི་མི་ཞིག་སྔ་ས་ནས་བཟུང་ཟིན་པར་མ་ཟད་ད་དུང་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་ཀྱང་བཅད་ཟིན། ཆོས་པ་ཞིག་ཡིན་པའི་ཆ་ནས་ཁོས་འཕྲལ་མར་མི་དེ་ཉེན་རྟོག་ཁང་ལ་བསྐྱལ་ཏེ་ཁྲིམས་ལ་སྦྱར་ན་འགྲིག་མོད། འོན་ཀྱང་ཆོས་ཁྲིམས་ལྟར་ན་འགྱོད་བཤགས་བྱེད་མཁན་གྱིས་འགྱོད་བཤགས་བྱས་པའི་བརྗོད་བྱ་ནི་མཐའ་གཅིག་ཏུ་གསང་རྒྱུ་ལས་ཕྱི་རུ་གྱར་མི་རུང་བ་ཡིན།
________བོད་དགེ་སྐལ་ལྡན་གྱིས་བསྒྱུར། (སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།)
ང་ཚོས་བདེན་རྫུན་ལ་སྣང་འཇོག་མེད་པར་ཕྱི་ཚུལ་ཙམ་ལ་བརྟགས་ནས་དོན་དངོས་མ་རྟོགས་པ་ནི་གྲངས་ལས་འདས།
ཁོང་གི་མཚན་ལ་རྒན་ཐོམ་སོན་ལགས་ཞུ་བ་རེད། སློབ་འགོ་ཚུགས་པའི་ཉིན་དང་པོར་ཁོང་འཛིན་རིམ་ལྔ་པའི་སློབ་མ་རྣམས་ཀྱི་མདུན་དུ་བཞེངས་ནས་”ངས་སློབ་མ་ཚང་མར་བརྩེ་བ་དང་བལྟ་སྟངས་གཅིག་མཚུངས་འཛིན་གྱི་ཡོད།” ཅེས་དགེ་རྒན་ཕལ་ཆེ་བའི་གསུང་འགྲོས་བཞིན་ཞལ་རྫུན་གསུངས། བཀའ་མོལ་དེ་ཁོང་ལ་མཚོན་ན་དངོས་ཡོད་དང་མི་མཐུན་པ་ཞིག་ཏུ་གྱུར་ཡོད། གང་ལགས་ཞེ་ན་འཛིན་གྲྭའི་མདུན་གྲལ་དུ་མིང་ལ་སི་ཊཧྥིན་ཞེས་པའི་སློབ་བུ་ཞིག་ཡོད། རྒན་ཐོམ་སོན་ལགས་ཀྱིས་འཛིན་གྲྭ་དེར་ཟླ་ངོ་འགའ་ཞིག་སློབ་ཁྲིད་གནང་བ་བརྒྱུད་སི་ཊཧྥིན་ནི་སློབ་མ་གཞན་དང་ལྷན་དུ་རྩེད་མོ་རྩེ་རྒྱུར་མི་དགའ་བ་དང༌།
མཆན་མང་ཤོས་ཀྱི་རྩོམ།