མི་སྣ་འབྲི་ཚུལ། བོད་ཁྱིམ་གོ་པལ་པུར་བོད་ཁྱིམ་ནས།
ངའི་ནུ་མོ་གཟུགས་མི་ཆེ། གདོང་སྒོར་སྒོར་ཡིན་ལ་མིག་གཉིས་ཧ་ཅང་ཆེ། སྨིན་མ་འཇའ་ལྟར་གུག་པ་དང་སྐྲ་ཁམ་ནག་ཡིན། མགོ་ན་རི་བོང་གི་རྣ་གཤོག་ལྟ་བུའི་ཐོར་ཅོག་གཉིས་ཡོད་པ་དང༌། དེ་ལ་ལིང་དམར་པོའི་མེ་ཏོག་ཅིག་མདུད་ཡོད། ལམ་དུ་འགྲོ་དུས་སུ་ཡར་རྒྱུག་མར་རྒྱུག་དང་གནམ་ལྡིང་ས་ལྡིང་བྱས་ནས་འགྲོ། མོ་མཛེས་ཤིང་སྡུག་པའི་ཕྱེ་མ་ལེབ་ཅིག་དང་འདྲ།
ནུ་མོ་རིག་པ་བཟང་ཞིང་རྩེ་དགའ་ཆེ་བས་དུུས་ཚོད་སྐར་མ་གང་ལ་ཡང་འདུག་མི་བཟོད། བྱིས་བཅོལ་ཁང་དུ་ཞུགས་རྗེས་ནུ་མོ་སློབ་སྦྱོང་བྱེད་པར་དགའ་བར་གྱུར། ཁྱིམ་དུ་ངས་ལས་བྱ་འབྲི་བའི་དུས་སུ་མོས་ཀྱང་རང་གི་འབྲི་དེབ་བླངས་ནས་ནན་ཏན་གྱིས་ཡི་གེ་འབྲི་བ་རེད།
དབུས་ཕྲུག་ཚེ་རིང་།
ཡར་ཀླུང་གཙང་པོའི་ངོགས་སུ་ཡུལ་ཐར་པ་གླིང་ཞེས་པའི་འདབས་རོལ་ན་དུས་བཞིར་སྔོ་ཐིང་ངེར་གནས་པའི་མཚེའུ་ཡིད་དུ་འོང་བ་ཞིག་ཡོད། ཁ་ཤར་ངོས་སུ་ཕྱོགས་པའི་མཚེའུ་དེའི་རྒྱབ་རི་ནི་ནགས་ཚལ་མཐུག་ཅིང་རི་བོ་མཐོ་ཞིང་གཟར། མདུན་ཕྱོགས་སུ་སྤང་རྒྱན་མེ་ཏོག་སོགས་དྲི་ཞིམ་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་པའི་སྤང་ལྗོངས་རྒྱ་ཆེ་ལ། ས་སྟེང་དུ་གཡུ་འབྲུག་སྔོན་མོ་ཞིག་འཁྱུག་པ་ལྟར་ཤང་ཤང་དུ་བཞུར་བའི་རྒྱུགས་ཆུ། གཅན་གཟན་གདུག་པ་ཅན་གྱིས་གནོད་འཚེ་ཅི་ཡང་མེད་པའི་ཡིད་འོང་གི་མཚེའུ་དེར། ལོ་ལྟར་བརྩེ་བ་ཤིན་ཏུ་ཟབ་པའི་ཁྲུང་ཁྲུང་མ་བུ་གཉིས་ཞི་བདེ་ལྷིང་འཇགས་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།
_______བོད་ཀྱི་རྩོམ་པ་པོ་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོར་བསྐྱོད་སྐབས་རྡ་ས་ནས་བྱུང་བའི་མཐོང་ཐོས་ཤིག
བེ་རི་འཇིགས་མེད་ཀྱིས།
རྡ་སའི་ཐེག་ཆེན་གཙུག་ལག་ཁང་འདིར་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། གཞིས་བྱེས་ཀྱི་བོད་རིགས་ཁྲི་ཕྲག་བརྒལ་བ་འདུ་འཛོམས་ཀྱིས། ཆོས་བཤད་དབང་བསྐུར། ཚོགས་དང་སྐུ་འགྱེད། ཕྱག་སྐོར་སྒྲིབ་སྦྱང་སོགས་ཀྱིས་འདས་པའི་དཔའ་བོ་ཕོ་མོའི་རྣམ་ཤེས་ལ་ཐར་ལམ་ འཛུབ་སྟོན་དང༌། གཞིས་བྱེས་ཀྱི་དད་ལྡན་ཀུན་ལ་སྙིང་སྟོབས་ཀྱི་རམ་འདེགས་བྱེད་སྲོལ་ཡོད་ལ།
༄༅། །སྔོན་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཤིང་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པའི་ལྗོངས་ཤིག་ཡོད་ཅིང༌།ལྗོངས་དེའི་དབུས་ན་འབྲས་བུ་གཡུར་དུ་ཟ་བའི་ཁམ་སྡོང་ཁོ་ལག་རྫོགས་པ་ཞིག་ཡོད། ཁམ་སྡོང་དེའི་འདབ་མའི་གྲིབ་བསིལ་འོག་ན་གླང་ཆེན་དང་སྤྲེའུ།རི་བོང༌། བྱ་སྲེག་པ་བཅས་སྲོག་ཆགས་བཞི་ཡིས་གནས་བཅས་ཤིང༌། དེ་དག་ཕན་ཚུན་གཅིག་ལ་གཅིག་བྱམས་ཤིང༌། མཛའ་བརྩེ་ནི་ཟབ།གནོད་སེམས་ཀྱི་དྲི་མ་ནི་རིང་དུ་སྤངས། བདེ་སྐྱིད་ཀྱི་དཔལ་ནི་ལྡན། སོས་དལ་བག་ཕེབས་སུ་ནི་གནས།
དུས་ནམ་ཞིག་ན། ཕན་ཚུན་གླེང་མོ་བྱས་པ་འདི་ལྟ་སྟེ། འུ་ཅག་རྣམས་རིགས་ཐ་དད་ཅིང་སོ་སོ་ཡིན་ལ།ཕན་ཚུན་མཛའ་བརྩེའི་ལྷག་བསམ་འོ་ཆུ་གཅིག་འདྲེས་ལྟ་བུར་གྱུར་ཡོད་ཀྱང༌། འདི་ཙམ་གྱིས་ལེགས་པའི་ཆ་ཡོངས་སུ་རྫོགས་པ་མ་ཡིན་གྱི།གཅིག་གིས་གཅིག་ལ་བཀུར་གཟོ་བྱ་རྒྱུའི་སྲོལ་ཀ་ཞིག་ངེས་པར་གལ་ཆེ་བ་ཡིན་ནོ། །ཞེས་གྲོས་བྱས་ནས་སྐྱེས་ལོ་སྔ་ཕྱིའི་རྒན་རིམ་གྱི་ཚད་ལ་ཀུན་ཏུ་རྟོག་པར་བྱེད་དོ།།
ཡིག་མཛོད་འདིའི་ནང་དུ་ད་དུང་རྩོམ་གསར་བ་མེད།
མཆན་མང་ཤོས་ཀྱི་རྩོམ།