རྕོམ་བསྐུར་ཡུལ།

_______བསིལ་ཆབ།_______ gtsude@yahoo.com
________འོད་ཟེར།_______ woeserg@yahoo.com
_____________________ དེབ་སྐྱེལ་བྱེད་སྟངས་དཀར་ཆག་"དེབ་སྐྱེལ་"ཞེས་པ་མནན་ནས་གཟིགས་རོགས་གནང།

འབྲེལ་ཡོད་ཤེས་བྱ།

དྲ་ཚིགས་གནས་ཚུལ་།

ད་ལྟ་དྲ་ཐོག་འདི་ན་མི་
ཡོད།

Click to get cool Animations for your MySpace profile
ཚེ་སྲོག་གི་འདུར་རྒྱུགས།

སློབ་གྲྭའི་ཞོགས་པ།

                                  བསིལ་ཆབ།
 
སྔོ་ལྗང་རྩྭ་ལོས་མུ་ཏིག་རྒྱན་ཆ་སྤྲས།།
ལྗོན་ཤིང་ཡལ་གས་ཡིད་འཕྲོག་བྲོ་གར་འཁྲབ།།
བྱེའུ་ཆུང་སྐྱིད་པའི་གླུ་དབྱངས་ཀྱུར་ཀྱུར་སྒྲོག །
ཞོགས་པའི་ཁ་དབུགས་སློབ་གླིང་འདི་ལ་ཁྱབ།།

སློབ་གསེང་སྐབས་ཀྱི་རྒུམ་བུ།

             གཡུ་དྲུག་དཀར།

ནང་སྦྱོང༌།
དགེ་སློབ་གཉིས་ཀྱི་བར་ན། བྱ་བ་ཆུང་ཆུང་ཞིག་འདྲ་ཡང་ཆེན་པོ་ཞིག ལས་ཀ་ཉུང་ཉུང་ཞིག་འདྲ་ཡང་མང་པོ་ཞིག ཁུར་བོ་ཡང་མོ་ཞིག་འདྲ་ཡང་ལྕི་མོ་ཞིག
 
དགེ་རྒན་དང་སློབ་མ།
དགེ་རྒན་ཞིག་ལ་མཚོན་ན། ངེས་དཀའ་བ་རང་གི་སློབ་མའི་མིང་དང༌། བརྗེད་དཀའ་བའང་རང་གི་སློབ་མའི་མིང་ལགས་ན། སློབ་མའི་མིང་ནི་ཐོག་མར་ངེས་དཀའ་ལ། མཐའ་མར་བརྗེད་དཀའ་བ་ཞིག་རེད།
 
སློབ་གྲྭ།
སློབ་ཕྲུག་གིས་དགེ་རྒན་ངན་ལང་ལ་གཏོང་བ་དང༌། དགེ་རྒན་གྱིས་སློབ་མ་སྐྱག་ལང་ལ་གཏོང་བའི་སྐབས་ནི། སློབ་གྲྭ་ཞིག་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་རེད།
 

གཅན་མེ་སྟག་གིས་བསྒྱུར་བའི་ཨར་ཟོར་རེམ་བྷོ་ཌི་ཡི་སྙན་ངག<<ར་བཟི་བའི་གྲུ་གཟིངས>>

ཨར་ཟོར་རེམ་བྷོ་ཌི།
 བདག་རང་གྲགས་འགུལ་མེད་པའི་གཙང་ཆུ་རིང་མོའི་འགྲོས་དང་བསྟུན་ནས་འབབ་དུས
གྲུ་ཆུང་ཉིད་ནི་གྲུ་འཐེན་གླ་བའི་འདྲེན་ཐག་ལས་ཐར་བ་དང་འདྲ་ཞིང
ཤ་མདངས་དམར་བའི་ཨིན་ཏིས་ཨན་མིས་ངར་སྐད་སྒྲོགས་བཞིན
ཁོ་ཚོར་མདའ་མོ་ཤུགས་ཀྱིས་འཕེན་ལ ཁོ་ཚོ་གཅེར་ལྷང་ལྷང་གིས
མདོག་ལྡན་ཤིང་གི་ཀ་བའི་སྟེང་དུ་འཛེར་བར་བྱེད
བདག་གིས་རྟག་ཏུ་གྲུ་བ་གང་ཡང་སེམས་པའི་གཞི་རུ་འཛིན་པ་མེད་དེ
ཁོ་ཚོས་ཧྥུ་རན་དྷི་ཡི་ནས་འབྲུ་དང་དབྱིན་ཇིའི་སྲིང་བལ་འབོར་འདྲེན་བྱེད་བཞིན་ཡོད
ནམ་ཞིག་འུར་ཟིང་ཉིད་དང་ཆབས་ཅིག་གྲུ་འཐེན་གླ་བ་འདི་དག་རྨེག་མེད་དུ་སོང་རྗེས
གཙང་ཆུ་རིང་མོའི་རླབས་རྒྱུན་ཉིད་ནི་བདག་དང་འགྲོགས་ནས
བག་ཡངས་གང་འདོད་ཀྱིས་འཕྱོ་ཞིང་འབབ་པར་བྱེད་དོ 

ལོ་དེའི་དགུན་ཁར་སྐྱོམ་ཞིང་གསིགས་པའི་རྒྱ་མཚོའི་རླབས་སྒྲའི་ཁྲོད
བདག་ནི་བསམ་ཤེས་མིན་པའི་བྱིས་པ་ལས་ཀྱང་རྨོངས་ཚོད་ཁོ་ནས
འཁྱམས་ཉུལ་བྱེད་པར་ཆས་ཤིང གཡེང་ཞིང་འཕྱོ་བའི་གླིང་ཕྲན་ཆུང་ངུ་དག་གིས་ཀྱང
འདི་ལྟའི་གྲགས་འགུལ་གྱི་འཕག་རྡོབ་བརྒྱུད་མྱོང་མེད་དོ

ས་ཡོམ་ཁྲོད་ཡོངས་སུ་སད་པའི་ང་ཚོ།

ཀླུ་སྨྱོན།

ལོ་ངོ་ཁྲི་ཕྲག་གི་ཕ་རོལ་ནས་དེ་རིང་བར་དུ།
མི་རིགས་འདིས་རང་ལམ་རང་གིས་བཙལ་ནས་ཡོང་བ་ཡིན།
ལྷ་དང་དཀོན་མཆོག་གི་འདུ་ཤེས་ཀྱིས།
མི་རིགས་འདི་ལ་སེམས་གསོ་གྲངས་མེད་ཅིག་སྦྱིན་ཡོད།
ཆོས་དང་རིག་གཞུང་གི་གཞུང་རྟ་ཡིས།
མི་རིགས་འདི་ལ་ལྗིད་ཏིག་ཏིག་གི་སྟོན་འབྲས་ཤིག་བསྩལ་ཡོད།
ཡིན་ན་ཡང་།
མི་རིགས་འདི་དཀའ་སྡུག་དང་འཕྲད་དུས།
མི་རིགས་འདིའི་ཐག་ཉེ་ས་ན་ཡོད་པའི་མགོན་སྐྱབས་ནི།
མི་རིགས་འདི་རང་ཉིད་ཁོ་ན་ཡིན།
མི་རིགས་འདི་བདེ་སྐྱིད་དང་ལྡན་དུས་སུ།
མི་རིགས་འདིའི་གླུ་སྒྲ་མགོ་མ་དེ་གྱེར་མཁན་ནི།
མི་རིགས་འདི་རང་ཉིད་ཁོ་ན་ཡིན།
མཐའ་དམག་གི་འཇིགས་པ་བསླེབས་དུས།
མི་རིགས་འདིས་རང་གི་གསོན་ལམ་ཞིག་བཙལ་ཡོད་ལ།
གློ་བུར་བའི་ས་ཡོམ་བརྒྱབ་དུས་ཀྱང་།
མི་རིགས་འདིས་རང་གི་འཚོ་གནས་ཤིག་རྙེད་ཡོད།
ང་རང་བོད་པ་ཞིག་ཡིན་བསམས་པའི་འདུ་ཤེས་གསོན་པོ་ཞིག་ཁོ་ནས།
ད་གཟོད་མི་རིགས་འདི་འཆི་ལམ་ནས་ཕྱིར་འཇིག་རྟེན་དཀར་ངོགས་སུ་ཁྲིད་ཡོང་བ་དང་།
ང་རང་གངས་ཅན་པ་ཞིག་ཡིན་སྙམ་པའི་ང་རྒྱལ་དྲག་པོ་ཞིག་གིས།
ད་གདོད་མི་རིགས་འདི་མུན་ཁྲོད་ནས་འོད་ཟེར་གྱི་ཀློང་དུ་བསྐྱལ་ཡོང་བ་ཡིན།
འདི་དང་འདི་ལྟ་བུའི་དཔུང་གདང་གཅིག་སྒྲིལ་གྱི་གླུ་སྒྲ་ཞིག་གྲག་ཐེངས་རེ་རེར།
ངའི་སྙིང་དམར་པོ་དེའི་ཚ་དྲོད་མཐོ་ནས་མཐོ་རུ་འགྲོ་བ་དང་།
འདི་དང་འདི་ལྟ་བུའི་རྡོག་རྩ་གཅིག་སྒྲིལ་གྱི་གོམ་སྟབས་ཤིག་སྒྲིག་ཐེངས་རེ་རེར།
ངའི་མ་འོངས་པའི་རེ་བ་ཡང་ལྕི་ནས་ལྕི་རུ་འགྲོ་གིན་འདུག
གཤིན་པོ་ཚོར་བསྔོ་སྨོན་འདོན་དུས།
སྐྱ་སེར་མེད་པར་དེ་རིང་མཉམ་དུ་འཛོམས་འདུག་ལ།
གསོན་པོ་ཚོར་རོགས་རམ་བྱེད་དུས་ཀྱང་།
དབུལ་ཕྱུག་མེད་པར་དེ་རིང་ལྷན་དུ་འདུས་པས།
མི་རིགས་འདི་ད་ནི་ལོ་ངོ་སྟོང་ཕྲག་གི་རྨི་ལམ་མཐུག་པོ་ཞིག་ལས་ཡོངས་སུ་སད་དེ།
མི་རིགས་འདི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་ལས་ཡོངས་སུ་བརྒལ་ཏེ།
རང་ངོ་རང་གིས་ཤེས་ཤིང་རང་མིར་རང་གིས་གཅེས་པའི་དུས་རབས་ཤིག
དེ་རིང་ནས་མགོ་བརྩམས་འདུག་པ་ཡང་གཞི་ནས་རྟོགས་བྱུང་།

                                    སྐྱེ་རྒུའི་ས་ཡོམ་གྱི་དགུང་ཞག་ཚང་བའི་ཉིན་མོར་ཨ་རིར་བྲིས།  

གོད་ཆག་ཁྲོད་ཀྱི་ཆིག་སྒྲིལ།

 
༼སྐྱེ་རྒུ་མདོའི་ས་ཡོམ་གྱི་སྔ་རྗེས་སེམས་ཚོར་ཚིག་ཏུ་བསྡེབས་པ།༽
 རྡོ་རྗེ་དབང་ཕྱུག
 
 
 འབྱུང་བ་འཁྲུག་པའི་གོད་ཆག་གཏུམ་པོས་སྐྱེ་རྒུའི་རི་ལུང་ཡོམ་ཡོམ་སྒུལ།།
བཀྲ་ཤིས་ལུང་པའི་ཕུ་འདའ་མ་ལུས་ངུ་འབོད་འཐབ་པའི་སྒྲ་ཡིས་ཁེངས།།
དགའ་འཛུམ་མདངས་ཀྱི་ཁ་དོག་མང་པོ་ཐལ་རླུང་འཚུབ་མས་ཡོངས་སུ་བཅོམས།།
ཚེ་སྲོག་ལྗོན་པ་སྟོང་གི་རྩེ་མོ་གཤིན་རྗེའི་ཞགས་པས་བཅད་དེ་ཐལ།།

མཐོ་སྒང་གི་བདག་པོ།

ལྕགས་སྟག་(༢༠༡༠)སློབ་མའི་འོས་ལངས་ལ་ཕུལ།
                                          བཟོད་པ་རྒྱ་མཚོ།
 
རིགས་དྲུག་ཚེ་སྲོག་གི་ཤིང་རྟ།།
ཞི་བའི་རྒྱལ་ཁམས་སུ་འདྲེན་པའི།།
ཐུ་བྷོད་སྟོབས་ཤུགས་ཀྱི་གོང་བུ།།
བདག་གི་དུས་གསུམ་གྱི་འདྲེན་པ།།

སེམས་ཁྲེལ་ལྕི་མོ།

 
སྙིང་གཏམ་ལ་འཐམ་པའི་རེ་ཟུང་ཞིག
རྒྱུན་པར་མི་ཚེ་ཡི་སླད་དུ
མ་ཁོམ་པར་གླེང་གཞི་རིང་མོས་ཁུག་ལ་བཞུད
ཅི་ཞིག་གླེང་ཀྱང  འབྱུང་འགྱུར་གྱི་གོ་རིམ་རིང་མོ
ཅི་ཞིག་བསམ་ཀྱང  མ་འོངས་བའི་བརྒྱུད་རིམ་ཟླུམ་པོ
དཀྱིལ་འཁོར་དོགས་མོ་ཡི་ཁུག་གཞུང་དང་
བསམ་གཞིགས་ཀྱག་ཀྱོག་གི་དོ་ར་ན 
ཁོ་གཉིས  ནམ་ཡང  དོགས་གཞི་ཁོ་ན་ཡི
གླེང་མོལ་ལ་འཁྱུད
              
               དོན་འགྲུབ་རྒྱ་མཚོ།  
                ལྦ་ཎ་མཐོ་སློབ།
 

མཐོང་བྱུང་གི་ཚོར་སྣང་ཟླུུམ་པོ།

   
   མིག་ཁ་རུ་ལྡིང་བའི 
   མིག་ཆུ་རིང་མོ
   མཐོ་སྒང་ལ་བཟུང་བའི་སྡུག་ཡུས
   ངའི་སེམས་མཁའ་རུ་མེ་ལྟར་འབར
   གཞན་འོག་ན
   མི་ལོ་ལྔ་བཅུ་ཡིས་གདུང་བ་ཁུར་ནས
   དུས་རབས་ཉེར་གཅིག་གིས་སྒོ་ཁ་བསླེབས་ཀྱང་
   ད་དུང་སྡུག་བསྔལ་ཞིག་ཐོད་ལ་བྲིས་བ
   ལས་དབང་ཡིན་ནམ
   བཙན་དབང་ཡིན་ནམ
   
                             དོན་འགྲུབ་རྒྱ་མཚོ།  
                              ལྦར་ཎ་མཐོ་སློབ།   
 

ཟླ་བ་བཞུད་སོང༌། ང་རང་ཡང་འགྲོ་རན།

                                        ཤེའུ་ཀུན་དཔལ།
མཐོ་སྒང་གི་བྲང་ཁར་ནུ་འབུར་ལྟར་འགྱིངས་བའི་རི་སྒང་ནས།
དུང་དང་འདྲ་བའི་བཅོ་ལྔའི་ཟླ་བས་ས་གཞིའི་ངོ་གདོང་བརླན།
འོད་ཐིགས་རེ་རེ་བྱ་སྤུ་བཞིན་ལུས་སེམས་ནང་ཐིམ་ཡོང་དུས།
ཚོར་བ་འདི་བུ་རམ་བཞིན་ཅི་འདྲའི་ཞིམ་མངར་ཞིག་རེད་ཨང༌།

མདོ་དབུས་ཁམས་གསུམ།

 
ཡུལ་ཁྱད་འཕགས་གངས་ཅན་ཁ་བའི་ལྗོངས། །
སྟོད་དབུས་གཙང་ཆོས་ཀྱི་ཆོལ་ཁ་འདི། །
བྱམས་སྙིང་རྗེ་ཆེ་ཞིང་དགེ་བཅུ་ལྡན། །
གནས་ངོ་མཚར་ལོ་རྒྱུས་འབུམ་གྱིས་ཕྱུག།

visitors