རྕོམ་བསྐུར་ཡུལ།

_______བསིལ་ཆབ།_______ gtsude@yahoo.com
________འོད་ཟེར།_______ woeserg@yahoo.com
_____________________ དེབ་སྐྱེལ་བྱེད་སྟངས་དཀར་ཆག་"དེབ་སྐྱེལ་"ཞེས་པ་མནན་ནས་གཟིགས་རོགས་གནང།

འབྲེལ་ཡོད་ཤེས་བྱ།

དྲ་ཚིགས་གནས་ཚུལ་།

ད་ལྟ་དྲ་ཐོག་འདི་ན་མི་
ཡོད།

Click to get cool Animations for your MySpace profile
ཚེ་སྲོག་གི་འདུར་རྒྱུགས།

ཕ་སྐད་ཀྱི་སྐྱོ་གདུང།

བོད་ཁྱིམ་གོ་པལ་པུར་སློབ་གྲྭའི་སློབ་བུ། ཀུན་དགའ་ཚེ་རིང་གིས།
བོད་ཁྱིམ་སེ་ལ་ཀུའེ་སློབ་གྲོགས་ཚོའི་སྐད་སྒྲ་ཐོས་རྗེས།
དོ་དགོང་ང་ཆེས་གཏིང་ཟབ་པའི་ཚོར་བ་ཞིག་གིས་བཟི་སོང་། ངས་རེ་བའི་འོད་སྣང་འཕྲོ་སའི་སྤུན་གྲོགས་ཚོས་ཡུལ་གྱར་ན་རང་གི་ཆེས་རྩ་ཆེ་བའི་རིག་གཞུང་དང་ཁ་ཐག་ཇེ་རིང་དུ་གྱེས་བཞིན་འདུག མི་རབས་ཤིག་གིས་མི་རིགས་ཤིག་གི་ལས་དབང་བརྗེད་ངེས་རྐུན་པོས་འཁྱེར་གྱིན་པ་གྱིན་པ་དྲན་གི་འདུག

སྲང་ལམ་གྱི་མགྱོགས་བྲིས།

 
 གཟའ་ཉི་མར་ཆམ་ཆམ་དུ་སྐྱོད་པ།
  
ཁ་སང་ང་དང་དགེ་རྒན་དབང་མོ་གཉིས་སློབ་གྲྭའི་གཡས་ཟུར་གྱི་ཟམ་ཁ་རུ་ཆམ་ཆམ་དུ་སྐྱོད། དགོང་ཁའི་ཉི་མ་ནི་གསེར་མདོག་གི་སྒང་བུ་ཞིག་དང་འདྲ་བར་ནུབ་རིའི་ཕག་ཏུ་ཟགས་ལ་ཉེ། ཁོར་ཡུག་ཚང་མ་འབྲོག་པའི་བྱང་ཐང་བཞིན་ཤིན་ཏུ་ལྷིང་འཇགས་རེད་ལ། དེ་ནི་གཟའ་ཉི་མ་ངལ་གསོའི་གུང་གསེང་ཡིན་སྟབས་རླངས་འཁོར་རེ་གཉིས་ལས་རྒྱུ་འགྲུལ་ཉུང་བས་རེད།

ཕྱི་ཤུན་གང་ལ་གྱར་ཡང༌། ནང་སྙིང་ནང་དུ་ལུས་འདུག།

 
གནོད་འཚེ་ལ་བརྩེ་བ་མེད་ཀྱང་མི་སེམས་ལ་བརྩེ་བ་ལོས་ཡོད། བོད་སྙིང་རྗེའི་བདག་པོ།
ཤེས་རབ་དར་རྒྱས།
“ངས་མི་ཤེས། ངས་ཅི་ཡང་མི་ཤེས། ངས་ཅི་ཡང་བཤད་མི་ཤེས།” ཁོས་འདི་ལྟར་འབད་པ་ཆེན་པོས་གཅིག་རྗེས་གཉིས་མཐུད་དུ་ཚིག་འབྲུ་འགའ་བརྩེགས་པ་ན། བྲང་གཞུང་དུ་ཤོང་དཀའ་བའི་དབུགས་ཀྱི་རྒྱུ་བ་དེ་ཡང་ཇེ་དྲག་ཏུ་གྱུར། གང་ཞིག་གིས་ཁོའི་སྙིང་གསོན་པོ་རྨོངས་པར་བྱས་ཤིང་ཅི་ཞིག་གིས་ཁོའི་མིད་པ་ཕྲ་མོ་འགགས་པར་བྱས་པ་ངས་མ་ཤེས་ཀྱང༌། ཁོས་གོ་རྒྱུ་ཡོད་པའི་གཏམ་ཅི་ཡང་གླེང་མ་ཐུབ། མི་འདིས་ཕྱོགས་དེ་ནས་ཅི་ཞིག་ཁྱེར་ཅིང་ཅི་ཞིག་སྦྲུམ་སྟེ་གནའ་མཁར་ཟི་ལིང་དུ་འབྱོར་ཡང༌། གོ་བ་ལོན་དཀའ་བའི་ཚིག་དུམ་འདི་གསུམ་ལས་ཅི་ཡང་ཕྱིར་འབྱིན་མ་ཐུབ་པ་དེས་ང་ཡང་སྐྱོ་རུ་བཅུག།

མཚོ་ཆུང་ནོར་བུ་ལ་ཕུལ་བ།

                                                      གཅན་མེ་སྟག
 –ཨེ་ཇིབ་ཀྱི་འདས་མཆོད་སྨོན་ཡིག་ཅིག་ལ་ལད་མོར་བྲིས་པ།
 
བདག་གིས་ལྷ་ཡུལ་ལྡུམ་ར་རུ་བྱང་ཆུབ་ཤིང་ཞིག་བཙུགས་ཡོད།
བདག་གིས་ས་སྟེང་ཕོ་བྲང་དུ་རྒྱལ་མཚན་དར་ཞིག་བསྒྲེངས་ཡོད།
བདག་གིས་ལོ་འགྲོས་དུང་ཕྱུར་གྱི་སྨོན་ཚིག་བཟླས་ནས།
ཤི་བདུད་དུང་ཕྱུར་གྱི་བླ་སྲོག་བཙོན་ལས་བསྐྱབས་ཟིན།
 
འཕགས་མ་ཨ། བདག་གི་མཆུ་སྒྲོས་དང་མགྲིན་པ་བརྒྱུད་ནས།
ཁྱེད་ཀྱིས་མི་ཡུལ་གྱི་བདེན་ཚིག་སྒྲོགས་ཤོག་དང་།
དགའ་སྡུག་གི་རོ་མངར་ཡོད་ཚད་སླར་ཡང་བདག་གི་ལུས་ཕུང་བརྒྱུད་ནས།
མི་ཡུལ་གྱི་གཤིན་སར་ཐོབས་ཅིག་དང་།

ཕུ་ལ་ཁྲོས།(Plato)

  (སྤྱི་ལོ་སྔོན།427—347)                                  _____རྔ་བ་རྒྱལ་ཁམས་པ།
མཁས་པའི་དབང་བོ་སྐུ་ཞབས་ཕི་ལ་ཁྲོས་མཆོག་ནི། བདག་ཉིད་ཆེན་པོ་ས་ཁུར་ཁྲེ་སི་མཆོག་གི་སློབ་མའི་གཙོ་བོ་ཞིག་ཡིན་ལ། ཁོང་ཨ་ཐེན་གྲོང་ཁྱེར་གྱི་སྐུ་དྲག་ཆེན་པོ་ཞིག་རྒྱུད་དུ་སྐུ་འཁྲུངས་ཤིང་། ཡབ་གཞིས་ཀྱི་གནས་སྟངས་ལས་དཔོན་གྱི་གོ་གནས་ཤིག་ལས་སླ་བོར་རག་ཐུབ་པར་ཐེ་ཚོམ་མི་འདུག་མོད། སྐེ་གཅོད་སྣ་བྲེག་དང་། དཔྱངས་འདོག་གསོན་དུར་སོགས་སྐབས་དེའི་ཆབ་སྲིད་ཀྱི་གདུག་རྩུབ་ལག་ལེན་དེར། སྐྱོ་ཤས་ཞེན་ལོག་ངེས་འབྱུང་ངང་གིས་སྐྱེས་ཏེ། དཔོན་གནས་གང་ཡང་ཐུགས་གཉེར་གནང་མི་འདུག་ཅིང་། ཁོང་གིས་སྲིད་གཞུང་བཟང་བོ་ཞིག་གིས། མི་ཡ་རབས་སྐུ་ཞབས་ས་ཁུར་ཁྲེ་སི་ལྟ་བུ་སྐུ་སྲོག་བཀྲོངས་པ་ནི། རྒྱལ་འབངས་གཉིས་ཆར་ཕན་ཉེས་དང་། གྱོང་གུད་ཆེན་པོ་ཞིག་ཡིན་པར་ཡང་ཡང་དྲན་སྐུལ་གནང་ཞིང་། དགུ་རིག་ཨ་ཐེན་གྱི་གྲོང་ཁྱེར་ནང་། ཤེས་འཇོན་གཉིས་ལྟན་གྱི་དཔོན་རིགས་བཟང་བོ་ཞིག། ཉིན་སྐར་ལྟ་བུར་གྱུར་པ་གཟིགས་ནས། སྐབས་དེའི་སྤྱི་ཚོགས་ཀྱི་སྲོལ་ཀ་་ངན་གྲས་མཐའ་དག བཅོས་བསྒྱུར་གཏོང་རྒྱུའི་ཐུགས་དམ་རྒྱ་ཆེར་བཞེས་ཏེ། རང་ཉིད་སྐུ་སྒེར་ནས་སློབ་གྲ་ཞིག་ཆེད་གཉེར་འཛུགས་སྐྲུན་གནང་། དེ་ནས་བཟུང་ཁོང་གི་སློབ་ཁྲིད་ཀྱི་སྙིང་བོ་དེ་༼ཕུན་སུམ་ཚོགས་པའི་འཛམ་གླིང་ཞིག་ཡོད་དམ༽ཞེས་པའི་དྲི་བ་གནད་ཅན་འདི་ཉིད་ཀྱི་ཕྱོགས་སུ་གཞོལ་འདུག་པར་མངོན་ནོ།།

སྨྱུག་གྲོགས་སྒྲིག་རྒྱུའི་གསལ་བརྡ།

དྲྭ་གྲོགས་རྣམ་པ་ལྷན་རྒྱས་ཀྱི་སར། གུས་མོའི་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར་ཞིང། ད་ལྟ་རྡ་སྟེང་བོད་ཁྱིམ་དུ་འཛིན་རིམ་བཅུ་གཅིག་འདོན་བཞིན་ཡོད། གུས་མོས་འདི་ལྟར་སྨྱུག་གྲོགས་འཚོལ་དོན་ནི་གཙོ་བོ་རང་ཉིད་ཀྱི་སློབ་སྦྱོང་དང་བསམ་བློ། འབྲི་རྩལ་བཅས་ཡར་རྒྱས་གཏོང་ཕྱིར་ཡིན་ལ། ཞོར་དུ་མ་འོངས་པའི་ངའི་སེམས་པའི་བདག་པོ་འཚོལ་ཆེད་ཡིན་ཞེས་བཤད་ཀྱང་ཆོག དེ་མིན་གུས་མོས་མུ་མཐུད་བོད་ཡིག་ལ་ཤུགས་སྣོན་རྒྱག་འདོད་ཡོད་སྟབས་ཡིག་འབྲེལ་ཡང་བོད་ཡིག་གི་ལམ་ནས་བྱེད་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་འཚལ། གུས་མོ་བཀྲ་ཤིས་སྒྲོལ་མ་ནས། མྱུར་འཕྲིན་ཁ་བྱང་། tashe.dolma@yahoo.com

སྨྱུག་གྲོགས།

 
༄༅། །གུས་ཤིང་བརྩེ་བའི་མ་འོངས་པའི་སྨྱུག་གྲོགས་ལགས་ཀྱི་ཞབས་དྲུང་དུ།
                                                                                  གུས་པ་ཆེན་པོས་ཞུ་སྙིང།
གུས་མོའི་མིང་ལ་བསྟན་འཛིན་ཆོས་སྒྲོན་དང་ཁོ་མོ་ནི་ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༡༡ པའི་ཚེས་ ༡༨ ཉིན་རྒྱ་གར་འཕགས་པའི་ཡུལ་གྱི་བྱེ་བྲག་ཀོ་ལེ་ཀལ་དུ་སྐྱེས་པ་ནས་ད་ཆར་འཛིན་རིམ་བརྒྱད་པ་བུམ་པའི་ནང་སློབ་སྦྱོང་བྱེད་མུས་ཡིན། གུས་མོས་རྟག་ཏུ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་འོག་སོ་སོའི་ནང་མིའི་རེ་འདུན་བཞིན་དགེ་བའི་བཤེས་གཉེན་ཆེན་པོའི་མདུན་ས་ནས་དོན་དང་ལྡན་པའི་ཤེས་སྤྱོད་ཟུང་གི་མི་ཚེའི་མདུན་མ་བསྐྲུན་བཞིན་མཆིས། ཁོ་མོའི་ཁྱད་ཆོས་ནི་གྲོགས་མོ་དང་ལྷན་དུ་ཕན་ཚུན་སྐད་ཆ་བཤད་རྒྱུ་དང་། རྩེ་མོ་རྩེ་བ།གཟུགས་མཐོང་རླུང་འཕྲིན་བལྟ་རྒྱུ་སོགས་ལ་ཧ་ཅང་དགའ་པོ་ཡོད། གོང་འཕེལ་འགྲོ་བའི་ཆེད་རྒན་ལགས་དང་། སློབ་ཕྲུག་སུ་བྱུང་ནས་ཁོ་མོ་དང་སྨྱུག་གྲོགས་གནང་རྒྱུའི་འབུལ་སྐུལ་ཞུ་བ་དང་ཆབས་ཅིག་ཡིག་འབྲེལ་དབྱིན་བོད་གང་རུང་དང་། བྱུང་ན་བོད་ཡིག་ཐོག་གནང་རོགས་ཞུ།། །།

བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་སློབ་གསོའི་གནས་བབ་ངོས་འཛིན་དང་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་འཚོལ་བ།

 
_______ཡོན་བྷེ།
གླེང་གཞི། 
  འདིར་འབྱུང་འགྱུར་ལ་ཁ་གཏད་ཏེ་འདས་པའི་བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་སློབ་གསོའི་གནས་བབ་ལ་རྟོག་ཞིབ་དང༌། རྒྱུས་ལོན། ཕྱོགས་བསྡོམས་བཅས་ཆ་ཚང་ཞིག་བྱས་པའི་སྒོ་ནས་འདས་པའི་མི་ལོ་སུམ་ཅུའི་ཤེས་ཡོན་སློབ་གསོའི་འཐུས་ཤོར་གྱི་རྐྱེན་རྩ་བཙལ་ཡོད་ལ། ཐབས་ལམ་གང་ཞིག་བརྒྱུད་ན་འཐུས་ཤོར་ཁ་གསབ་དང༌། ལག་ལེན་དངོས་ཀྱི་ཐོག་ནས་ཡར་རྒྱས་ཇི་ལྟར་གཏོང་ཐུབ་མིན་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད།
 
གཅིག བཙན་བྱོལ་ནང་གི་ཤེས་ཡོན་སློབ་གསོའི་གནས་བབ་སྤྱིར་བཤད་པ།
  སྤྱིར་ང་ཚོ་བཙན་བྱོལ་ལ་ཡོང་དགོས་པའི་གནད་དོན་གཙོ་བོ་དེ་རྒྱ་ནག་དམར་པོའི་སྲིད་གཞུང་གི་འཆར་གཞི་དང་གྲ་སྒྲིག་ཡོད་པའི་སྲིད་བྱུས་གཏིང་ནག་པོ་ཞིག་ལ་ཐུག་ཡོད། དེར་བརྟེན་ང་ཚོའི་དཀའ་ངལ་འདི་དུས་ཐུང་ངང་སེལ་དགོས་པའི་གནད་དོན་ཛ་དྲག་ཅན་ཞིག་ཀྱང་རང་བཞིན་གྱིས་ཆགས་ཡོད། འོ་ན་དེ་ལྟ་བུའི་ཆེས་ཛ་དྲག་རང་བཞིན་དང༌། དཀའ་སྡུག་གི་རང་བཞིན། མུན་ནག་གི་རང་བཞིན། གདུག་རྩུབ་ཀྱི་རང་བཞིན། མནར་གཅོད་ཀྱི་རང་བཞིན་ཅན་གྱི་དོན་གནད་དེ་ཇི་ལྟར་སེལ་ཐུབ་པ་དང༌། ཐབས་ཚུལ་གང་ལ་བརྟེན་ནས་སེལ་དགོས་ཞེ་ན། དེ་ནི་ང་ཚོའི་མ་འོངས་པའི་མི་རབས་དག་ལ་ཤེས་ཡོན་རིག་གནས་ཀྱི་གནས་ཚད་ཅི་ཙམ་ཡོད་མེད་ལ་རག་ལས་པ་མ་ཟད། ཁོང་ཚོར་མི་རིགས་ཀྱི་འདུ་ཤེས་དང༌། རྒྱལ་ཁབ་ཀྱི་ཞེན་ཁོག ཆོས་རིག་གི་རིན་ཐང་བཅས་ལ་ངོས་འཛིན་གསལ་བོ་ཡོད་མེད་ལ་དེ་བས་ཀྱང་རག་ལས་པ་ཡིན། 

བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཕེལ་རྒྱས་སྐོར།

            (ཚན་པ་གཉིས་པ།)                  དུང་དཀར་བློ་བཟང་འཕྲིན་ལས།
 
དེ་སྔོན་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་ཆེ་བར་བོད་ཀྱི་ལོ་ཙཱ་བའི་ཐོག་མ་ནི་ཐོན་མི་སམ་བྷོ་ཊ་ཡིན་པར་གསུངས་ཡོད། གཡུང་དྲུང་བོན་གྱི་ལོ་རྒྱུས་<མདོ་འདུས>ལས་སྟག་གཟིག་འོལ་མོ་གླིང་གི་བཀའ་དང་བོན་རྣམས་ལོ་ཙཱ་བ་ ༡ ཞང་ཞུང་ཁྲི་ཐོག་སྤ་ཙ། ༢ བོན་པོ་མུ་ཕོད། ༣ རྒྱ་གར་གྱི་གཤེན་པོ་ལི་ཤ། ༤ ཁ་ཆེའི་གཤེན་པོ་བྲ་བ་མེད་རེ་ཅན། ༥ ཐོ་གར་གྱི་གཤེན་པོ་ལ་ཝང་ཤང༌། ༦ བྲུ་ཤ་གེ་ཏེ་ནི་ལོ་རྒྱ་རྣམས་ཀྱིས་བོན་བསྒྱུར་ཅིང་བཤད་ཅེས་དང༌། <རྒྱུད་ཉི་སྒྲོན་>ལས་ཁྱུང་ཕོ་སྟག་སྒྲ་དོན་གཙུག བླ་ཆེན་ལི་ཤོ་སྟག་རིང༌། བྷེ་ཤོ་ཁྲམ། གཙོ་ཁྲི་གཙུག་བཅས་བཞིས་ཞང་ཞུང་གི་མཁས་པ་མི་བཞི་ལ་གཏུགས་ཏེ་བོན་ཞུས་པས་བོན་གྱི་གསང་སྡེ་ཆེན་པོ་བཞི། འབུམ་སྡེ་ཆེན་པོ་ལྔ༌། ཕྱི་ནང་རྒྱས་བསྡུས་ཀྱི་བོན་ལ་སོགས་པ་བོད་སྐད་དུ་བསྒྱུར་ནས་རྒྱལ་པོ་ལ་ཕུལ་བས་རྗེ་ཡང་ཐུགས་དགྱེས་སོ་ཞེས་གསལ་བ་ལྟར་ན་སྐབས་དེར་བོད་ཀྱི་མངའ་ཁོངས་སུ་གཅིག་གྱུར་མ་བྱས་གོང་གི་བོད་ཀྱི་ལོ་ཙཱ་བ་ཡིན་པ་གསལ་པོ་ཡིན་པ་མ་ཟད། རྒྱལ་པོ་གྲི་གུམ་བཙན་པོས་བོན་མ་བསྣུབས་གོང་གི་བོད་ཀྱི་ལོ་ཙཱ་བ་རེད།

བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཕེལ་རྒྱས་སྐོར།

(ཚན་པ་དང་པོ།)      དུང་དཀར་བློ་བཟང་འཕྲིན་ལས།
 
      ད་རེས་འདིར་དུས་ཐུང་གི་ཡིག་སྒྱུར་སྦྱོང་བརྡར་འཛིན་གྲྭ་འདིར་འབྲེལ་ཡོད་དབུ་ཁྲིད་ནས་ཡིག་སྒྱུར་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཁག་གཅིག་ངོ་སྤྲོད་བྱ་དགོས་གསུངས་པར་ང་རང་ནི་ཡིག་སྒྱུར་བྱེད་མཁན་མིན་སྟབས་དེའི་སྐོར་གྱི་ཤེས་ཡོན་ཧ་ཅང་སྐྱོ་པོ་ཡིན་པས་རྣམ་པ་ཚོར་ཕན་ཐོགས་པའི་ཞུ་བྱ་གང་ཡང་མ་མཆིས་ཤིང༌། རྣམ་པ་ཚོས་ད་ཕན་ཡིག་བསྒྱུར་གནང་བའི་དཔེ་དེབ་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་རང་གི་བསམ་ཚུལ་དང་རེ་འདུན་སྐོར་ཁག་གཅིག་ཞུ་རྒྱུ་གཤམ་གསལ།

visitors